1976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ (1)
Part of speech མིང་ཚིག
Definition བོན། གསང་སྔགས་ཕྱི་རྒྱུད་གཏོགས་པའི་ཀུན་དབྱིངས་ཆོ་གའི་ལྷ་ཡི་དཀྱིལ་འཁོར་གླིང་དགུར་གནས་པའི་ལྷ་གཙོ་བོ་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། དབུས་ཀྱི་ཕོ་བྲང་གླིང་དགུ་དང་། ཀུན་དབྱིངས་སྐུ་ལྔ་ལྷ་དགུའི་སྐུ་དང་ཞིང་ཁམས། ཞེས་སོ། །སྐུ་ལྔ་ལྷ་དགུ་ནི། ཀུན་ཁྱབ་དབྱིངས་ཀྱི་གཙོ་བོ་དང། ལྷ་ཆེན་གཤེན་ལྷ་འོད་དཀར། ངོ་བོ་ཉིད་སྐུ་ཨ་ཏི་མུ་ཝེར། ཅིར་ཡང་སྤྲུལ་པའི་སྐུ་ཁྲི་བཞི་ནམ་ཏིང་། ལྷ་ཆེན་མ་པང་དབྱིངས་ཆེན་དང་ལྔའོ། །དེའི་སྟེང་དུ་སྐུ་གསུམ་ཡེ་ཤེས་མེ་ལྷ་དང་། ལྷ་ཆེན་མཁའ་འགྱིང་དཀར་པོ། ལྷ་ཆེན་སྣང་བ་འོད་ལྡན། ལྷ་ཆེན་མགོན་ལྷ་དཀར་པོ་དང་བཞི་བསྣན་པས་ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ཞེས་བྱའོ། །དེ་དག་ནི་ཀུན་དབྱིངས་ཆོ་གའི་སྐུ་བསྟོད་ལས་གསལ་བས་འདིར་ཚིག་ཚོགས་མང་རྐྱེན་མ་བཀོད་པའོ། །
Domain ཆོས་ལུགས།