19760

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་བསྡོགས་མི་ལྕོགས་མེད་པ་ (1)
Part of speech མིང་ཚིག
Definition བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་མིང་སྟེ། བསམ་གཏན་གྱི་དངོས་གཞིའི་ཏིང་ངེ་འཛིན་མ་ཐོབ་ཀྱང༌། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་འདོད་ཉོན་སྤོང་བ་ལྕོགས་པའམ་འདོད་ཉོན་སྤང་ཐུབ་པས་ན་ཉེར་བསྡོགས་མི་ལྕོགས་མེད་ཅེས་བརྗོད། ཉེར་བསྡོགས་ཀྱི་དང་པོ་ནི་མི་ལྕོགས་པ་མེད་པ་སྟེ། དེ་ནི་དག་པ་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ཏེ། འདི་ནི་གསལ་བས་རང་འོག་གོང་གསུམ་གྱི་ཉོན་མོངས་ལས་རྒྱལ་ལོ། །བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དག་འཇིག་རྟེན་ལས་འདས་པའི་ལམ་དེ་ལ་བརྟེན་ནས་བསྐྱེད་པའི་ཕྱིར་རོ། །དེ་ལ་སྔོན་གྱི་སློབ་དཔོན་སྟེ་འདུན་བཟང་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ནི་གསལ་བའི་ཕྱིར་དག་པ་པ་དང་ཟག་མེད་དང་རོ་མྱང་ལྡན་དང་གསུམ་ག་ཡོད་དོ་ཞེས་འདོད་ལ། མི་ལྕོགས་མེད་ནི་དངོས་གཞི་ལ་སྙོགས་པའི་ཕྱིར་དང་། རོ་མྱང་ལྡན་གྱི་སྙོམས་འཇུག་ཀྱང་ཡོད་དོ་ཞེས་ཟེར་རོ། །
Domain ཆོས་ལུགས།