19761
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཞི་གནས་ཐོབ་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་ཤིན་སྦྱངས་ཀྱིས་ཟིན་པའི་མཉམ་འཇོག་གི་ཏིང་ངེ་འཛིན་ཞིག་ལ་ཟེར། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཁ་ཅིག བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཐོག་མ་ཡིན་ཏེ། ཉན་ས་ལས། ཡང་དེ་ལ་འདོད་པའི་འདོད་ཆགས་དང༌བྲལ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང༌བྲལ་བ་རྗེས་སུ་ཐོབ་བོ། །ཞེས་སོགས་ཁ་ཅིག་གི་འདོད་པ་རྣམས་བཀོད་ནས། དེ་འགོག་པ་ལ་དེ་ཉིད་ལས། ཞི་གནས་ཐོབ་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་ཤིན་སྦྱངས་ཀྱིས་ཟིན་པའི་མཉམ་པར་འཇོག་པའི་ཏིང་ངེ་འཛིན་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཐོག་མ་ཡིན་པའི་ཕྱིར་དང། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་ཐོབ་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་འདོད་པ་དེ་ཉིད་བཀག་པ་དང་། མཐའ་དཔྱོད་ལས། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཐོག་མ་མ་ཡིན་པའི་ཕྱིར་ཏེ། ཞི་གནས་ཐོབ་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་ཤིན་སྦྱངས་ཀྱིས་ཟིན་པའི་མཉམ་འཇོག་གི་ཏིང་ངེ་འཛིན་ཏེ། དེའི་ཐོག་མ་ཡིན་པའི་ཕྱིར། དེ་བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་ཡིན་པའི་ཕྱིར་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་ཡོད་པའི་ཕྱིར། དེར་ཐལ། བསམ་གཏན་དང་པོའི་ཉེར་བསྡོགས་ཉོན་མོངས་རྣམ་སྦྱོང་གི་ལས་དང་པོ་བ་ལས་ཕྱེ་བའི་ཉེར་བསྡོགས་དྲུག་ཐོབ་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། ཞེས་གསུངས། སྤྱི་དོན་ལས། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་དེ་མཉམ་པར་མ་བཞག་པ་འདོད་པའི་སས་བསྡུས་ཡིན་ཏེ། ཉན་ས་ལས། མཉམ་པར་མ་བཞག་པའི་ས་པའི་ཡིད་ལ་བྱེད་པ་དག་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་པ་དེ་ནི་སོ་སོར་རིག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་ཅེ་ན། མི་འཐད་དེ། ཉན་སའི་ལུང་དེ་མ་དག་པའི་ཕྱིར། ཞེས་ལེགས་བཤད་གསེར་ཕྲེང་གི་ཚིག་ཟིན་དང་ཅུང་མི་མཐུན་ཞིང་དགག་པ་ལྟ་བུ་མངོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |