19777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་སྒྱུར་ (1)
Part of speech མིང་ཚིག
Definition ཐ་སྙད་གར་རུང་དང་སྦྱར་ཚེ་བསྣན་ཚིག་སྒྲུབ་བྱེད་ཀྱི་རྐྱེན་ཁྱད་པར་བ། རབ་ཏུ། མཆོག་ཏུ། ལྷག་པར། ཡང་དག་པར། རྗེས་སུ། ཕུལ་དུ། བྲལ་བ། ངན་པ། རྣམ་པར། ལེགས་པར། ངེས་པར། ཤིན་ཏུ། སླར། དག་པར། བདེ་བར། མཐོ་བར། མངོན་པར། སོ་སོར་བཅས་ཀྱི་མིང་།
Domain སྒྲ་རིག་པ།
ཉེར་སྒྱུར་ (2)
Part of speech མིང་ཚིག
Definition ཟླ་བ་གཟས་བཟུང་བའི་དོན་ཏེ། སྒྲ་གཅན་གྱིས་ཉེ་བར་བསྒྲིབས་ནས་འོད་མདངས་མོག་པོའམ་མི་གསལ་བར་བསྒྱུར་བས་ན་མིང་དེ་ལྟར་བཏགས་པར་བཤད།
Type མངོན་བརྗོད།