19813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེས་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཕྱི་རོལ་གྱི་འདོད་པ་རྣམས་ལ་བརྟེན་ཏེ། མྱ་ངན་དང་། སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་ཕྲད་པའི་ཉེས་པ། ༢ ནང་ལ་བརྟེན་ནས་དབང་པོ་མ་བསྡམས་པའི་ཉེས་པ་སྟེ། དེ་ལྟར་དབང་པོ་བསྡམས་ན་མྱ་ངན་ལ་སོགས་པ་དེ་དག་སྐྱེ་བར་འགྱུར་བ། ༣ བདེ་བར་གནས་པའི་རོ་མྱང་བའི་ཉེས་པ། ༤ རྒྱུ་བ་ལ་བག་མེད་པའི་ཉེས་པ། ༥ གནས་པ་ལ་བག་མེད་པའི་ཉེས་པ། ༦ ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ཀྱི་ལྟ་བ་ངན་པས་ཀུན་ནས་བསྐྱེད་པ་ཐུན་མོང་མ་ཡིན་པ་དེ་དག་ཉིད་ཀྱི་ཡིན་པ་མ་འདྲེས་པ། ༧ ངག་དང། རྟོག་པ་དང་། ཚོལ་བའི་ཉེས་པ། ༨ བསམ་གཏན་ལ་བརྟེན་པ་གསུམ་གྱི་མཐར་གྱུར་པའི་ཉེས་པ། ༩ རྟེན་ཅིང་འབྲེལ་བར་འབྱུང་བར་གཏོགས་པའི་ལེན་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པ། ༡༠ འདུ་བྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པའོ། །
Domain ཆོས་ལུགས།