19815

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེས་པ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཕས་ཕམ་པ། དགེ་འདུན་གྱི་ལྷག་མ། ལྟུང་བ། སོ་སོར་བཤགས་པ། ཉེས་བྱས་སོ། །
Domain ཆོས་ལུགས།
ཉེས་པ་ལྔ་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། སྡུག་བསྔལ། ལོངས་སྤྱོད་ཉམས་པ། དགའ་བ་དང་བྲལ་བ། བཅིངས་པ། སྒྲིབ་པའོ། །
ཉེས་པ་ལྔ་ (3)
Part of speech མིང་ཚིག
Definition མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ། བདག་དང་སྲོག་ཏུ་ལྟ་བ་ཡིན་ཞེས་པ་ནི། གང་ཟག་རྫས་སུ་ཡོད་པར་ཁས་བླངས་ན་བདག་དང་བདག་གི་མེད་པའི་དོན་ལ་བདག་ལ་སྲོག་ཏུ་ལྟ་བར་འགྱུར་བའོ། ། མུ་སྟེགས་ཅན་རྣམས་དང་བྱེ་བྲག་མེད་པ་ཡིན་ཞེས་པ་ནི། ཇི་ལྟར་མུ་སྟེགས་རྣམས་བདག་ཡོད་པར་འདོད་པ་དེ་དང་གང་ཟག་རྫས་སུ་ཡོད་པར་ལྟ་བ་འདི་ཁྱད་མེད་པའོ། ། ལམ་ལོག་པར་ཞུགས་པ་ཡིན་ཞེས་པ་ནི། མྱང་འདས་དང་ཐར་པའི་ལམ་ནི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པར་བསྒོམ་པ་ཡིན་ཏེ། བདག་དང་གང་ཟག་ཏུ་ལྟ་བ་ནི་ཐར་པའི་ལམ་མ་ཡིན་པ་འཁོར་བ་དང་ངན་སོང་སུ་སྐྱེ་བའི་ལམ་ལ་ཞུགས་པས་ལམ་ལོག་པར་ཞུགས་པ་ཡིན་པའོ། ། སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་པ་ཡིན་པ་ཞེས་པ་ནི། སྟོང་པ་ཉིད་ནི་བདག་དང་བདག་གི་མེད་པ་ཡིན་ལ། གང་ཟག་རྫས་ཡོད་དུ་ལྟ་བ་དེ་དག་དེ་དང་རྣམ་པ་མི་མཐུན་པས་སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་སྟེ་མི་ཉན་མི་སེམས་མི་བསྒོམ་པས་མི་དད་མི་གནས་མི་མོས་པ་ཞེས་གསུངས་པའོ། ། དེའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་བ་ཡིན་ཞེས་པ་ནི། གང་ཟག་རྫས་ཡོད་དུ་ལྟ་བ་དེའི་འཕགས་པའི་ཆོས་མཐོང་བ་དང་བསྒོམ་པའི་ལམ་ལ་བརྟེན་ནས། ཉོན་མོངས་རྣམས་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་དུ་ཐོབ་པ་མི་འབྱུང་བའོ། །
ཉེས་པ་ལྔ་ (4)
Part of speech མིང་ཚིག
Definition ལེ་ལོ། གདམས་ངག་བརྗེད་པ། བྱིང་རྒོད། མངོན་པར་འདུ་བྱེད་པ། འདུ་མི་བྱེད་པའོ། །