19826
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ཉེས་པ་ཡོད་པ་ལ་རྩོད་པ་མེད་པ་ནི། ཕས་ཕམ་པ་ནས་ཉེས་བྱས་ཀྱི་བར་གྱི་ཉེས་པ་ནི་བྱུང་ལ་འཐབ་པ་ལ་སོགས་པ་ནི་མེད་པའོ། །ཉེས་པ་མེད་པ་ལ་རྩོད་པ་ནི། མི་མཐུན་པར་སྨྲ་བ་དང༌། ལུང་བསྒོ་བ་མེད་པ་དང༌། བྱ་བའི་རྩོད་པ་ནི་ཡོད་ལ་ཉེས་པའི་ཕྱིར་རྩོད་པ་མེད་པའོ། །ཉེས་པ་ཡོད་པ་ལ་རྩོད་པ་ནི། ཕས་ཕམ་པ་ལ་སོགས་པ་ཉེས་བྱས་ཀྱི་བར་དུ་བྱུང་ལ། དེའི་ཕྱིར་འཐབ་ཅིང་གཤེ་བ་དང༌། འཁོན་ཅིང་འཁྲུག་པར་འགྱུར་རོ། །ཉེས་པ་མེད་པ་ལ་རྩོད་པ་མེད་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། ། |
| Domain | ཆོས་ལུགས། |