19829
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ལྟ་བ་ཉེས་པར་བཟུང་བ་ནི། འདུ་བྱེད་རྣམས་ལ་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་གང་ཡིན་པའོ། །དེས་བདེན་པ་རྟོགས་པ་ལ་གེགས་བྱེད་པའོ། །ང་རྒྱལ་ཉེས་པར་བཟུང་བ་ནི། འདུ་བྱེད་རྣམས་ལ་ངའོ་སྙམ་དུ་འཛིན་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་ཉེས་པར་བཟུང་བས་ནི་བསྒོམ་པས་སྤང་བར་བྱ་བ་སྤོང་བ་ལ་གེགས་བྱེད་པའོ། །རང་གི་ཉེས་པར་བཟུང་བ་ནི། གཅིག་པུའི་རྟོག་པ་ངན་པ་ལ་བརྟེན་པ་འདི་ནི་བདག་ཡིན་ནོ་སྙམ་སྟེ་ལྟ་བ་ཉེས་པར་བཟུང་བའམ། ང་རྒྱལ་ཉེས་པར་བཟུང་བ་གང་ཡིན་པའོ། །གཞན་གྱི་ཚིག་ལས་ཉེས་པར་བཟུང་བ་ནི། གཞན་དག་གི་ཚིག་ལས་མངོན་པར་ཞེན་པར་གྱུར་ཏེ། འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་རྣམ་པ་དེ་ལྟ་བུ་ལ་ཞུགས་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |