19858
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། ལུས་ཀྱི་ལས་དང་སོགས་པས་ངག་དང་ཡིད་ཀྱི་ལས་མི་དགེ་བ་རྣམས་ནི་སྒོ་གསུམ་གྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་དུ་འདོད་ཅིང་། བརྣབ་སེམས་སོགས་གསུམ་ནི་ལས་མིན་ཡང་ཉོན་མོངས་པ་ཡིན་པས་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་མོ། །ཞེས་གསུངས་སོ། ། མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས། ཉེས་སྤྱད་གསུམ་ནི་ལུས་ཀྱི་ལས་དང་སོགས་པ་ངག་དང་ཡིད་ཀྱི་ལས་མི་དགེ་བ་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཉེས་པར་སྤྱད་པ་གསུམ་དུ་འདོད་ལ། བརྣབ་སེམས་ལ་སོགས་པ་གསུམ་ཉོན་མོངས་པ་ཡིན་པས་ལས་མིན་ཡང་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་མོ་ཞེས་ཏེ་སྒྲ་དོན་ཐོབ་པར་བསམས་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |