19885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྒྲ་བཤད། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། སེམས་བློང་བློང་པོར་བྱེད་པས་སམ་མ་ཞི་བར་བྱེད་པས་ན་ཉོན་མོངས་ཞེས་བྱ་ལ། ཞེས་གསུངས། མཚན་ཉིད། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། རང་དང་མཚུངས་ལྡན་གྱི་སེམས་རྒྱུད་མ་ཞི་བར་བྱེད་པའི་རིགས་གནས་ཀྱི་སེམས་བྱུང་དེ། ཉོན་མོངས་ཀྱི་མཚན་ཉིད། ཅེས་གསུངས། དེ་ལ་དབྱེ་ན། ངོ་བོའི་སྒོ་ནས་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ།
Domain ཆོས་ལུགས།

{{#arraymap:ཉོན་མོངས་

|; |@@@ | | }}

ཉོན་མོངས་ (2)
Part of speech མིང་ཚིག
Definition སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་སེམས་བྱུང་དེ། ཉོན་མོངས་པའི་མཚན་ཉིད་ཡིན་ཏེ་ཀུན་བཏུས་ལས་མཚན་ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བས་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་གཞན་དོན་བསྒྲུབ་པའི་ཐབས་རྣམ་དག་དུ་གྱུར་པའི་ཉོན་མོངས་པ་རྣམས་བསྡུ་བའི་དགོས་པ་ཡོད་པའི་ཕྱིར་ཏེ། །དེ་རྣམས་ཀྱི་སེམས་རྒྱུད་རབ་ཏུ་མ་ཞི་བར་མི་བྱེད་པའི་ཕྱིར་ཏེ། དེ་རྣམས་ཀྱིས་ཉོན་མོངས་པའི་ཉེས་པ་སྐྱེད་པར་མི་བྱེད་པའི་ཕྱིར། དཔེར་ན་སྨན་དང་སྔགས་ཀྱིས་གསོས་པའི་དུག་གིས་ཉེས་པ་སྐྱེད་པར་མི་བྱེད་པ་བཞིན། དེ་སྐད་ཡང༌། ཀུན་བཏུས་ལས། སྔགས་དང་སྨན་གྱིས་གསོས་པའི་དུག་ལྟ་བུ་དང༌། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་སྐྱེད་པར་མི་བྱེད་དོ། །ཞེས་གསུངས།

{{#arraymap:ཉོན་མོངས་

|; |@@@ | | }}