19891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་ཅན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཉོན་སྒྲིབ་དང་དེའི་རྗེས་འབྲང་མཚན་ཉིད་སྐྱེ་སོགས་དང་ཐོབ་པ་རྣམས་ཏེ། དེ་ལ་མི་དགེ་བ་དང་སྒྲིབ་ལུང་མ་བསྟན་གང་རུང་གིས་ཁྱབ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ལུགས་འདིར་ཉོན་མོངས་ཅན་ལ་མི་དགེ་བ་དང༌། སྒྲིབ་ལུང་མ་བསྟན་གང་རུང་གིས་ཁྱབ་བོ། ། འོ་ན། འཆིང་བ་ཀུན་ལྡན་གྱི་གང་ཟག་ཆོས་ཅན། ཉོན་མོངས་ཅན་མ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། ཉོན་མོངས་དང་བཅས་པ་མ་ཡིན་པར་ཐལ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་ཟེར་དགོས་སོ། །ཞེས་དང་། མཆིམས་མཛོད་ལས། སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མིན་ཏེ། (ཉོན་མོངས་ཅན་མིན་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཡིན་ཅེ་ན།) གལ་ཏེ་སོ་སོའི་སྐྱེ་བོ་ཉོན་མོངས་ཅན་ཡིན་ན་འདོད་པའི་སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་སོ་སོའི་སྐྱེ་བོ་མ་ཡིན་པར་ཐལ་བའི་ཕྱིར་དང༌། (དགེ་བ་ཡིན་ན།) དགེ་རྩ་ཆད་པ་དག་སོ་སོའི་སྐྱེ་བོ་མ་ཡིན་པར་འགྱུར་བའི་ཕྱིར་དགེ་བའང་མ་ཡིན་ནོ། །དེས་ན་སོ་སོའི་སྐྱེ་བོ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།
ཉོན་མོངས་ཅན་ (2)
Part of speech མིང་ཚིག
Definition དག་པ་བའི་རྫས་རྒྱུན་གང་ཞིག སྒྲིབ་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །དེ་དབྱེ་ན། སྲེད་པ་ཤས་ཆེ་བ། ལྟ་བ་ཤས་ཆེ་བ། ང་རྒྱལ་ཤས་ཆེ་བ། མ་རིག་པ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་རྣམ་པ་བཞི། དེ་གང་ཞིག སྲེད་པ་དག་མཚུངས་པར་ལྡན་པའི་རིགས་སུ་གནས་པ། དེ་གང་ཞིག ལྟ་ངན་དང་མཚུངས་པར་ལྡན་པའི་རིགས་སུ་གནས་པ། དེ་གང་ཞིག ང་རྒྱལ་དང་མཚུངས་པར་ལྡན་པའི་རིགས་སུ་གནས་པ། དེ་གང་ཞིག མ་རིག་པ་དང་མཚུངས་པར་ལྡན་པའི་རིགས་སུ་གནས་པ།