19898
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། ཤེས་སྒྲིབ་ཏུ་གྱུར་པའི་སེམས་བྱུང་རྨོངས་པ་དང་། ཤེས་སྒྲིབ་བག་ཆགས་ཀྱི་ཆ་རྣམས་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཁ་ཅིག ། ལུགས་འདིར་ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་མེད་ཟེར་ན། ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བ་ལ་རང་སྟོབས་ཀྱིས་རྨོངས་པའི་རྨོངས་པ་ཞིག་ཡོད་དམ་མེད། གལ་ཏེ་ཡོད་དོ་ཟེར་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ལས་འབྲས་ཀྱི་འབྲེེལ་བ་ཕྲ་མོ་ལ་རྨོངས་པའི་རྨོངས་པ་ཡིན་པའི་ཕྱིར། ཞེས་དང་། གཞན་ཡང༌། ཉོན་སྒྲིབ་མ་ཡིན་པའི་ཀུན་རྨོངས་སུ་གྱུར་པའི་ཤེས་པ་ཡོད་པར་ཐལ། དགོངས་འགྲེལ་གྱི་སྤྱན་རས་གཟིགས་ལེའུ་དང་མདོ་གཞན་ལས་ཀྱང་ས་བཅུ་པའི་གནས་སྐབས་སུ་ཀུན་རྨོངས་ས་བོན་དང་བཅས་པ་གཉིས་གཉིས་སྤོང་ཞིང་ཁྱད་པར་ས་བཅུ་པའི་སྐབས་སུ་གསང་བ་ཕྲ་མོ་ལ་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པ་ཁོ་ནའི་ལས་གེགས་བྱེད་པའི་ཀུན་རྨོངས་ས་བོན་དང་བཅས་པ་གཉིས་སྤོང་བར་གསུངས། ཀུན་རྨོངས་གཉིས་བག་ཆགས་ཕྲ་མོ་ཞིག་ལ་བྱས་ནས་དེ་ས་བོན་དང་བཅས་པ་གཉིས་སྤོང་བ་ལ་བྱས་ན་བག་ཆགས་འཇོག་བྱེད་ཀྱི་ཤེས་པ་དེ་དབུ་སེམས་སུའི་ལུགས་ལ་ཡང་ཆོས་ཀྱི་བདག་འཛིན་དང༌། ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་སོགས་སུ་བཞག་དཀའ་བའི་ཕྱིར། ཞེས་དང་། དབུ་མའི་སྤྱི་དོན་ལས། ཁོ་ན་རེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་ན་ཤེས་པ་ཡིན་དགོས་པར་ཐལ། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར་ཟེར་ན། འདིར་མ་ཁྱབ། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་བདེན་འཛིན་གྱི་བག་ཆགས་ཕྲ་མོ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་ཕྲ་མོ་ཡིན་པའི་ཕྱིར། འདོད་ན། མི་རིགས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |