1990
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། འབྱུང་བའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་གང་ཡིན་པའོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་ཉིད་གང་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་ངས་འགོག་པའི་བདེན་པ་བསྟན་པ་གང་ཡིན་པའོ། །ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ངས་ལམ་གྱི་བདེན་བ་བསྟན་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |