19900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཁྲོད་བ་ལ་སོགས་པ་བཅུ་པོ་དེ་ཉོན་མོངས་ཆུ་ངུའི་ས་པ་ཡིན་ཏེ། ཉོན་མོངས་ཆུ་ངུའི་སེམས་ཡིན་ན། ཁོའི་འཁོར་དུ་བཅུ་པོ་ལྡན་པས་ཁྱབ་པའི་ཕྱིར། ཉོན་མོངས་ཆུ་ངུའི་སེམས་ཡོད་དེ། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དེ་ཡིན་པའི་ཕྱིར། ཁོའི་འཁོར་དུ་གྱུར་པའི་སེམས་བྱུང་བཅུ་པོ་ཉོན་མོངས་ཆུང་ངུའི་ས་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་ན་མཚུངས་ལྡན་གྲོགས་ཀྱི་ཆུང་། སྒོམ་སྤང་ཁོ་ན་ཡིན་པས་སྤང་བྱ་རིགས་ཀྱི་ཆུང་། ཡིད་ཀྱི་རྣམ་ཤེས་ཁོ་ནའི་འཁོར་དུ་བྱུང་བས་ན་གཙོ་བོ་སེམས་ཀྱི་ཆུང་ངུའི་ཆ་ནས་ཡིན་པའི་ཕྱིར། |
| Domain | ཆོས་ལུགས། |