19917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པ་ཀུན་ཏུ་འབྱུང་བ་རྣམ་པ་ཉི་ཤུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ། ༢ འདོད་ཅིང་ཁས་བླངས་པ་མ་ཡིན་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ། ༣ སོ་སོར་ཡང་དག་པར་མ་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༤ སོ་སོར་ཡང་དག་པར་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༥ ཉོན་མོངས་པ་རགས་པ་ཀུན་ཏུ་འབྱུང་བ། ༦ ཉོན་མོངས་པ་མཉམ་པ་ཀུན་ཏུ་འབྱུང་བ། ༧ ཉོན་མོངས་པ་ཆ་ཕྲ་བ་ཀུན་ཏུ་འབྱུང་བ། ༨ ཉོན་མོངས་པ་ནང་དུ་བལྟས་པ་ཀུན་ཏུ་འབྱུང་བ། ༩ ཉོན་མོངས་པ་ཕྱིར་བལྟས་པ་ཀུན་ཏུ་འབྱུང་བ། ༡༠ བརྗེད་ངས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༡ ཟིལ་གྱིས་གནོན་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༢ ཀུན་བརྟགས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༣ རང་བཞིན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༤ ཡོངས་སུ་ཚོལ་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༥ རང་དབང་མེད་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༦ གཞི་ལ་མི་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༧ རང་དབང་ཅན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༨ གཞི་ལ་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༡༩ བསྒྲུབ་ཏུ་རུང་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ། ༢༠ བསྒྲུབ་ཏུ་མི་རུང་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་བཅས་སོ། །
Domain ཆོས་ལུགས།