19918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ བདེ་བའི་རྐྱེན། ༢ སྡུག་བསྔལ་གྱི་རྐྱེན། ༣ སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་རྐྱེན། ༤ འདུན་པའི་རྐྱེན། ༥ རྣམ་པར་རྟོག་པའི་རྐྱེན། ༦ རེག་པའི་རྐྱེན། ༧ བག་ལ་ཉལ་བའི་རྐྱེན། ༨ སྔོན་གོམས་པའི་རྐྱེན། ༩ དམ་པ་མ་ཡིན་པ་དང་འགྲོགས་པའི་རྐྱེན། ༡༠ དམ་པ་མ་ཡིན་པའི་ཆོས་ཐོས་པའི་རྐྱེན། ༡༡ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན། ༡༢ མ་དད་པའི་རྐྱེན། ༡༣ ལེ་ལོའི་རྐྱེན། ༡༤ བརྗེད་ངས་པའི་རྐྱེན། ༡༥ རྣམ་པར་གཡེང་བའི་རྐྱེན། ༡༦ ཤེས་རབ་འཆལ་པའི་རྐྱེན། ༡༧ བག་མེད་པའི་རྐྱེན། ༡༨ ཉོན་མོངས་པའི་རྐྱེན། ༡༩ འདོད་ཆགས་དང་མ་བྲལ་བ་ཉིད་ཀྱི་རྐྱེན། ༢༠ སོ་སོའི་སྐྱེ་བོ་ཉིད་ཀྱི་རྐྱེན་བཅས་ཀྱིས་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་རོ། ། |
| Domain | ཆོས་ལུགས། |