From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉོན་མོངས་པ་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མི་རིག་པ། ཐེ་ཚོམ། ལྟ་བའོ། །
|
| Domain
|
ཆོས་ལུགས།
|
ཉོན་མོངས་པ་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ། མ་རིག་པ་ཞེས་བྱ་བ་ནི་འཁྲུལ་རྟོག་གི་ཆ་འཛིན་པ་ནི། ཡུལ་ཡུལ་ཅན་འཁྲུལ་རྟོག་གི་ཆའི་རྨོངས་པ། གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་པ་ནི། ཤེས་རབ་རིག་པ་ལས་ལོག་ཙམ་གྱི་མི་ཤེས་པ། ཞེ་སྡང་ནི་བསྐྱེད་པའི་རིམ་པ་ལས་འཁྲུལ་པ་ནི། ཡུལ་ལ་སྡང་བའི་ཆ་ཅན། ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པ་ནི། ངའོ་སྙམ་པའི་ཁེངས་པ། འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པ་ནི། ཡུལ་ལ་སྲེད་པ། ཕྲག་དོག་ནི་མ་རྟོགས་པའི་ཆ་ལས་འཁྲུལ་པ་ནི། དོན་མ་རྟོགས་པའི་གཞན་ལ་ཁྲོ་བའོ། །
|