19937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པ་མ་ཡིན་པའི་མི་ཤེས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཐེག་ཆེན་ལྟར་ན་གཟུང་འཛིན་གཉིས་སྣང་གི་རྟོག་པ་ལ་འདོད་མོད་ཀྱི། ཉན་ཐོས་སྡེ་པ་དག་གིས་ནི་མ་ཡིན་ཏེ། དེ་ནི་སངས་རྒྱས་ལའང་ཡོད་པར་འདོད་པའི་ཕྱིར། དེས་ན་དེ་ནི་ཤེས་བྱའི་སྒྲིབ་པ་སྟེ། དགྲ་བཅོམ་པ་ལའང་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །དཔེར་ན་དགྲ་བཅོམ་ཤཱ་རིའི་བུ་སོགས་ཀྱི་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་དོན་རབ་ཏུ་དབྱེ་བ་དང་། དུས་དང་ཡུལ་སོགས་ལ་བསྐལ་བའི་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། །
Domain ཆོས་ལུགས།