19939
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཉོན་མོངས་པ་མི་སྤང་བའི་སྒོ་གསུམ་ནི། དཀོན་ཅོག་འགྲེལ་ལས། དེ་ལ་ཉོན་མོངས་པ་མི་སྤང་བའི་སྒོ་མང་དུ་གསུངས་པ་ཡང་ཡོད་མོད་ཀྱི། མདོར་བསྡུས་ན། རང་བཞིན་ཡོངས་སུ་ཤེས་པས་མི་སྤང་བ་དང་། ཐབས་ལ་མཁས་པས་ཟིན་པས་མི་སྤང་བ་དང་། ཉོན་མོངས་པ་ཆེན་པོ་མི་སྤང་བ་རྣམས་སུ་འདུས་པར་ཤེས་པར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |