19942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པ་རབ་ཏུ་དབྱེ་བ་རྣམ་པ་བཅོ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉོན་མོངས་པ་ནང་དུ་བལྟས་པ། ༢ ཉོན་མོངས་པ་ཕྱིར་བལྟས་པ། ༣ ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ། ༤ ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ། ༥ ཉོན་མོངས་པ་འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ། ༦ ཉོན་མོངས་པ་འདོད་ཅིང་ཁས་བླངས་པ་མེད་པའི་ཀུན་ནས་དཀྲིས་པ་དང་ལྡན་པ། ༧ ཉོན་མོངས་པ་བག་ལ་ཉལ་དང་ལྡན་པ། ༨ ཉོན་མོངས་པ་ཆུང་ངུ༌། ༩ ཉོན་མོངས་པ་འབྲིང༌། ༡༠ ཉོན་མོངས་པ་ཆེན་པོ། ༡༡ ཉོན་མོངས་པ་གཞན་འདེབས་པའི་གནས་སྐབས། ༡༢ ཉོན་མོངས་པ་རྩེ་འཇིལ་བའི་གནས་སྐབས། ༡༣ ཉོན་མོངས་པ་རྣམ་པར་གནོན་པའི་གནས་སྐབས། ༡༥ ཉོན་མོངས་པ་བྲལ་བའི་གནས་སྐབས་བཅས་སོ། །
Domain ཆོས་ལུགས།