19946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པ་རྣམ་པ་ཉི་ཤུ་རྩ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་བསྡུས་པ་ལས་བྱུང་བ་སྟེ། ༡ འདོད་ཆགས། ༢ ཞེ་སྡང༌། ༣ གཏི་མུག ༤ འཁྲིག་པའི་ཉོན་མོངས་པ། ༥ ཡོངས་སུ་ལེན་པའི་ཉོན་མོངས་པ། ༦ མི་བཟོད་པའི་ཉོན་མོངས་པ། ༧ ཡིད་ཆེས་ཤིང་རྙེད་པ་དང་། བཀུར་སྟིའི་ཉོན་མོངས་པ། ༨ རྩོད་པ་ལས་བྱུང་བའི་ཉོན་མོངས་པ། ༩ ལས་ངན་པ་ལ་དགའ་བའི་ཉོན་མོངས་པ། ༡༠ ཤེས་བྱ་ལ་རྟོག་པའི་ཉོན་མོངས་པ། ༡༡ ཁྱིམ་ལ་སེར་སྣ་བྱེད་པའི་ཉོན་མོངས་པ། ༡༢ རང་དབང་མེད་པ་མི་བཟོད་པའི་ཉོན་མོངས་པ། ༡༣ འགལ་ཚབས་ཅན་གྱི་ཉོན་མོངས་པ། ༡༤ ཕོངས་པའི་ཉོན་མོངས་པ། ༡༥ རྐྱེན་ལ་ལྟོས་པའི་ཉོན་མོངས་པ། ༡༦ མ་དད་པའི་ཉོན་མོངས་པ། ༡༧ འཆབ་པའི་ཉོན་མོངས་པ། ༡༨ འཁོར་འཛིན་པའི་ཉོན་མོངས་པ། ༡༩ ལྗིད་ཀྱི་ཉོན་མོངས་པ། ༢༠ མི་གུས་པའི་ཉོན་མོངས་པ། ༢༡ སྨོད་པའི་ཉོན་མོངས་པ། ༢༢ སྙིང་རྗེ་མེད་པའི་ཉོན་མོངས་པ། ༢༣ ལེ་ལོའི་ཉོན་མོངས་པ། ༢༤ ཉེ་བར་མ་ཞི་བའི་ཉོན་མོངས་པ། ༢༥ ཚོར་བ་མི་བཟོད་པའི་ཉོན་མོངས་པ་བཅས་སོ། །དེ་དག་ནི་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་ཉོན་མོངས་པ་རྣམ་པ་གཉིས་ལས་རྒྱས་པར་ཕྱེ་བའོ། །
Domain ཆོས་ལུགས།