19955
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མ་རིག་པ་དང་བཅས་ཤིང་ཡིད་དུ་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་ནི། ཕྲད་པར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། ། མ་རིག་པ་དང་བཅས་ཤིང་ཡིད་དུ་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་ནི། འབྲལ་བར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བཅས་ཤིང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་ནི། ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །མ་རིག་པ་དང་བཅས་ཤིང་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་དང༌། སེམས་ཅན་དམན་པ་དང༌། མཚུངས་པ་དང་ཁྱད་པར་དུ་འཕགས་པ་རྣམས་དང་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་ནི། འགྲན་ཅིང་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ཡོན་ཏན་ལ་ཕྱིན་ཅི་ལོག་དང༌། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་ནི། ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་ཕྱིར་རོ། །མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་ལེ་ལོ་ནི། སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་གནས་ཡིན་པར་རིག་པར་བྱའོ། ། |
| Domain | ཆོས་ལུགས། |