19961
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོའི་མདོ་ལས་བྱུང་བ་སྟེ། དང་པོ། སེམས་ཀྱི་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ། གཉིས་པ། ཞི་གནས་དང་རྗེས་སུ་མཐུན་པའི་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པ་དང་། འདོད་ཆགས་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ། གསུམ་པ། འགོག་པ་ལ་དམིགས་པའི་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ། བཞི་པ། ཞི་གནས་ལ་རབ་ཏུ་བརྩོན་པ་དང༌། འགོག་པ་ལ་དམིགས་པ་དང༌། ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |