19964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པའི་གཡང་ས་ཆེན་པོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། མ་དད་པ་ནི། མོས་པ་མེད་པ་ཡིན་ཏེ། གང་གིས་ཆོས་རྣམས་ལ་མོས་པ་མེད་པའོ། །འགྱོད་པའམ་ལེ་ལོ་ནི། ལེ་ལོ་ཞེས་བྱ་བ་ནི་བརྩོན་འགྲུས་གཏོང་བ་ལེ་ལོ་ཉིད་ཡིན་ནོ། །བརྗེད་ངས་པ་ནི། ཆོས་རྣམས་ལ་མི་དྲན་པ་གང་ཡིན་པའོ། །སེམས་གཡེངས་པ་ནི། དམིགས་པ་དུ་མར་འགྱུར་བའོ། །ཤེས་རབ་འཆལ་བ་ནི། སེམས་མི་མཁས་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། ལམ་མ་ཡིན་པས་ཆོས་རྣམས་ལ་ཚུལ་བཞིན་དུ་སེམས་པར་མི་བྱེད་ཅིང་མི་གཙང་བ་ལ་གཙང་ངོ་སྙམ་དུ་སེམས་པའོ། །ལོག་པར་མོས་པ་ནི། གཙོ་བོ་ལོག་པར་མོས་པ་ཞེས་བྱ་བ་ནི་ལོག་པར་འཛིན་པ་ལོག་པར་གཟུང་ནས་དམ་དུ་བྱེད་པའོ། །རྒོད་པ་ནི། གཙོ་བོ་རྒོད་པ་ཞེས་བྱ་བ་ནི་སེམས་རྣམ་པར་མ་ཞི་བའོ། །མ་རིག་པ་ནི། ཁམས་གསུམ་པའི་ཆོས་མི་ཤེས་པའོ། །བག་མེད་པ་ནི། གང་གིས་དགེ་བའི་ཆོས་རྣམས་མི་བསྒྲུབ་པ་ཡིན་ཏེ། ཉོན་མོངས་པ་དེ་རྣམས་ནི་ས་ཆེན་པོ་བའི་ཆོས་དམན་པར་བྱ་བ་ཡིན་ནོ། །
Domain ཆོས་ལུགས།