19976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པའི་རྒྱུ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། རྟེན་ནི། བག་ལ་ཉལ་བ་སྐྱེས་པ་གང་ཡིན་པའོ། །དམིགས་པ་ནི། ཉོན་མོངས་པའི་གནས་ལྟ་བུའི་ཡུལ་སྣང་བར་གྱུར་པ་གང་ཡིན་པའོ། །འདུ་འཛི་ནི། སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱི་རྗེས་སུ་སློབ་པ་གང་ཡིན་པའོ། །བཤད་པ་ནི། དམ་པའི་ཆོས་མ་ཡིན་པ་ཐོས་པ་གང་ཡིན་པའོ། །གོམས་པ་ནི། སྔོན་འདྲིས་པའི་སྟོབས་བསྐྱེད་པ་གང་ཡིན་པའོ། །ཡིད་ལ་བྱེད་པ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེ་བ་གང་ཡིན་པའོ། །
Domain ཆོས་ལུགས།