19982
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། མ་རིག་པ་དང་བག་མེད་པ་དགེ་བའི་ཆོས་མི་བསྒོམས་པ་དང། ལེ་ལོ་དགེ་བ་ལ་མི་སྤྲོ་བ་དང་། མ་དད་པ་སེམས་མ་དྭངས་པ་དང། རྨུགས་པ་ལུས་སེམས་ལས་སུ་མི་རུང་བ་སྟེ། ལུས་སེམས་ལྕི་བ་དང། རྒོད་པ་སེམས་རྣམ་པར་མ་ཞི་བ་སྟེ་དེ་དྲུག་ནི་ཉོན་མོངས་ཅན་གྱི་ས་མང་པོ་པ་སྟེ། ཉོན་མོངས་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བའི་ཕྱིར་རོ། །ཞེས་དང་། ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས། རྩ་ཉོན་གྱི་ནང་ནས་མ་རིག་པ་དང། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་བག་མེད་སོགས་ལྔ་སྟེ་དྲུག་ནི་ཉོན་མོངས་པའི་ས་མང་པོ་བར་བཞག་སྟེ། ཚོགས་དྲུག་དང་ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་བས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |