19988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་མེད་པ་ (1)
Part of speech མིང་ཚིག
Definition ཆགས་སོགས་དང་བྲལ་བའི་ཤེས་རབ་ཤིག་སྟེ། དགྲ་བཅོམ་པ་ལ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་པ་ལས་རབ་ཏུ་སྐྱེ་བ་དང་། བདག་ཉིད་ཀྱང་ཡོན་གནས་ཀྱི་ཁྱད་པར་ཡིན་པར་རིག་ནས་ཕ་རོལ་པོ་དག་དེ་ལ་དམིགས་ནས། ཉོན་མོངས་པ་སྐྱེ་བ་ཡོངས་སུ་སྤངས་པར་འདོད་དེ། གང་གིས་ན་ཕ་རོལ་པོ་དག་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྐྱེ་བར་མི་བྱེད་ཅིང་འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ། ཞེ་སྡང་ངམ། ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་སྟེ། ལམ་དེ་ནི་འགའ་ཡང་ཉོན་མོངས་པ་སྐྱེད་པར་མི་བྱེད་པས་ན་ཉོན་མོངས་པ་མེད་པ་ཡིན་ནོ། །ཉོན་མོངས་པ་མེད་པ་འདི་ནི་ཤེས་པ་བཅུ་ལས་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ལ། ས་ནི་ལམ་སླ་བ་རྣམས་ཀྱི་མཆོག་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ནོ། །གང་ཟག་ནི་དགྲ་བཅོམ་པ་མི་གཡོ་པའི་ཆོས་ཅན་ཡིན་གྱི་ཉམས་པའི་ཆོས་ཅན་ལ་སོགས་པ་དགྲ་བཅོམ་གཞན་གྱི་ནི་མ་ཡིན་ཏེ། དེ་དག་ལ་ཉམས་པ་སྲིད་པས་རང་གི་རྒྱུད་ཀྱི་འང་རེས་འགའ་ཉོན་མོངས་སྤང་པར་མི་ནུས་པའི་ཕྱིར་རོ། །འདིའི་ལུས་རྟེན་ནི་གླིང་གསུམ་གྱི་མི་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ། གྲོགས་ཉོན་མོངས་པ་མང་བ་དང་བློ་གསལ་བའི་ཕྱིར་རོ། །འདིའི་དམིགས་པ་ནི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་མ་འོངས་པ་གཞི་དང་བཅས་པ་རྣམས་ཡིན་ཏེ། ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཞུགས་པའི་ཕྱིར་རོ། །ཉོན་མོངས་པ་གཞི་མེད་པ་རྣམས་ནི་ཡོངས་སུ་སྤང་བར་མི་ནུས་ཏེ། ཐམས་ཅད་དུ་འགྲོ་བ་རྣམས་ནི་ས་མཐའ་དག་ལ་དམིགས་པའི་ཕྱིར་རོ། །
Domain ཆོས་ལུགས།
ཉོན་མོངས་མེད་པ་ (2)
Part of speech མིང་ཚིག
Definition ཉན་ཐོས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་བརྟེན་ནས། ཉོན་མོངས་པའི་དྲི་མ་དང་རིང་དུ་བྲལ་བའི་ཕྱིར།
Type མངོན་བརྗོད།