19994
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཉོན་མོངས་པ་རང་གི་མཚན་ཉིད་པ་ནི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ཏེ། ཡུལ་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར་ཏེ། འདོད་ཆགས་དང་ང་རྒྱལ་ནི་བདེ་བ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་ནས་སྐྱེ་ཞིང་ཁེངས་ལ་ཁོང་ཁྲོ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ལ་དམིགས་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |