20005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་ཡིད་ (1)
Part of speech མིང་ཚིག
Definition མདོ། རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་གསེས། འཕགས་ལམ་མ་ཐོབ་ཀྱི་བར་དུ་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་རྟག་ཏུ་ངར་འཛིན་པའི་བདག་ཉིད་ཅན་ཡིད་ཀྱི་སའི་ཉོན་མོངས་པ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཙོ་སེམས།
Domain ཆོས་ལུགས།

{{#arraymap:ཉོན་ཡིད་

|; |@@@ | | }}

ཉོན་ཡིད་ (2)
Part of speech མིང་ཚིག
Definition རྟག་ཏུ་ཉོན་མོངས་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་ཤེས་ཤིག་ལ་ཉོན་ཡིད་ཅེས་བརྗོད། དེའི་ཁྱད་ཆོས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཉོན་ཡིད་དེ་ཡང་ཁྱད་པར་དུ་མ་དང་ལྡན་ཏེ། དམིགས་པའི་ཁྱད་པར་ཀུན་གཞི་ལ་དམིགས་པ། རྣམ་པའི་ཁྱད་པར་དེ་ལ་དམིགས་ནས་རྣམ་པ་ངར་སེམས་པའི་རྣམ་པ་ཅན། ངོ་བོའི་ཁྱད་པར་བསྒྲིབས་ལུང་མ་བསྟན་ཡིན་ལ། གྲོགས་ཀྱི་ཁྱད་པར་སེམས་བྱུང་ཀུན་འགྲོ་དང་འདོད་ཆགས་དང་ང་རྒྱལ་མ་རིག་པ་བདག་ཏུ་ལྟ་བ་རྣམས་དང་ལྡན་པ། འཇུག་པའི་ཁྱད་པར་ཐེག་དམན་གྱི་དབང་དུ་བྱས་ན་དགྲ་བཅོམ་པ་གཉིས་དང་འགོག་པ་ལ་མཉམ་པར་བཞག་པ་འདས་ལམ་ལ་བརྟེན་པའི་བར་ཆད་མེད་ལམ་སྐྱེད་པའི་དུས་མ་གཏོགས་པ་རྣམས་སུ་འཇུག་ཅིང། ཐེག་ཆེན་གྱི་དབང་དུ་བྱས་ན་མ་དག་ས་བདུན་མན་ཆད་དང། རང་རྟེན་གང་དུ་གཏོགས་པའི་གནས་ཐམས་ཅད་དུ་འཇུག་པའི་ཕྱིར་ཏེ། སུམ་ཅུ་པ་ལས། གང་དུ་སྐྱེ་བ་དེ་ཡི་འོ། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལའང་མེད། །འཇིག་རྟེན་འདས་པའི་ལམ་ལའང་མེད། །ཅེས་གསུངས།

{{#arraymap:ཉོན་ཡིད་

|; |@@@ | | }}