2006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ལྔ་བཅུ་རྩ་གསུམ་ (1)
Part of speech མིང་ཚིག
Definition འབུམ་གྱི་འགྲེལ་རྐང་བརྒྱ་རྩ་བརྒྱད་ལས་བྱུང་བ་སྟེ། ༡ གཟུགས་ཀྱི་ཕུང་པོ། ༢ ཚོར་བའི་ཕུང་པོ། ༣ འདུ་ཤེས་ཀྱི་ཕུང་པོ། ༤ འདུ་བྱེད་ཀྱི་ཕུང་པོ། ༥ རྣམ་ཤེས་ཀྱི་ཕུང་པོ། ༦ སྐྱེ་མཆེད་བཅུ་གཉིས་ཀྱི་མིག་གི་དབང་པོ་གཟུགས་ཅན་པ། ༧ རྣ་བའི་དབང་པོ་གཟུགས་ཅན་པ། ༨ སྣའི་དབང་པོ་གཟུགས་ཅན་པ། ༩ ལྕེའི་དབང་པོ་གཟུགས་ཅན་པ། ༡༠ ལུས་ཀྱི་དབང་པོ་གཟུགས་ཅན་པ། ༡༡ གཟུགས་ཅན་པ་མ་ཡིན་པའི་ཡིད་ཀྱི་དབང་པོ། ༡༢ གཟུགས་ཀྱི་སྐྱེ་མཆེད། ༡༣ སྒྲའི་སྐྱེ་མཆེད། ༡༤ དྲིའི་སྐྱེ་མཆེད། ༡༥ རོའི་སྐྱེ་མཆེད། ༡༦ རེག་བྱའི་སྐྱེ་མཆེད། ༡༧ ཆོས་ཀྱི་སྐྱེ་མཆེད། ༡༨ མིག་གི་རྣམ་པར་ཤེས་པ། ༡༩ རྣ་བའི་རྣམ་པར་ཤེས་པ། ༢༠ སྣའི་རྣམ་པར་ཤེས་པ། ༢༡ ལྕེའི་རྣམ་པར་ཤེས་པ། ༢༢ ལུས་ཀྱི་རྣམ་པར་ཤེས་པ། ༢༣ ཡིད་ཀྱི་རྣམ་པར་ཤེས་པ། ༢༤ ཡུལ་དབང་གསུམ་འདུས་པའི་མིག་གི་འདུས་ཏེ་རེག་པ། ༢༥ རྣ་བའི་འདུས་ཏེ་རེག་པ། ༢༦ སྣའི་འདུས་ཏེ་རེག་པ། ༢༧ ལྕེའི་འདུས་ཏེ་རེག་པ། ༢༨ ལུས་ཀྱི་འདུས་ཏེ་རེག་པ། ༢༩ ཡིད་ཀྱི་འདུས་ཏེ་རེག་པ། ༣༠ ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༡ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༢ སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༣ ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༤ ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༥ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། ༣༦ སའི་ཁམས། ༣༧ ཆུའི་ཁམས། ༣༨ མེའི་ཁམས། ༣༩ རླུང་གི་ཁམས། ༤༠ ནམ་མཁའི་ཁམས། ༤༡ རྣམ་པར་ཤེས་པའི་ཁམས། ༤༢ རྟེན་འབྲེལ་བཅུ་གཉིས་ཀྱི་མ་རིག་པ། ༤༣ འདུ་བྱེད། ༤༤ རྣམ་པར་ཤེས་པ། ༤༥ མིང་གཟུགས། ༤༦ སྐྱེ་མཆེད་དྲུག ༤༧ རེག་པ། ༤༨ ཚོར་བ། ༤༩ སྲེད་པ། ༥༠ ལེན་པ། ༥༡ སྲིད་པ། ༥༢ སྐྱེ་བ། ༥༣ རྒ་ཤི་བཅས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ལྔ་བཅུ་རྩ་གསུམ་

|; |@@@ | | }}