2007
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དབང་པོ་བཅུ་བཞི་ཡོད་དེ། དེ་ལ་མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི། ཡིད་ཀྱི། ཕོའི། མོའི། སྲོག་གི ། ཚོར་བ་བདེ་བའི། ཡིད་བདེ་བའི། ཚོར་བ་སྡུག་སྔལ་གྱི། ཡིད་མི་བདེ་བའི། ཚོར་བ་བཏང་སྙོམས་ཀྱི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། དེ་ལ་བཅུ་བཞིར་གྲངས་ངེས་ཏེ། འཁོར་བ་ལ་འཇུག་པའི་ཀུན་ནས་ཉོན་མོངས་ཕྱོགས་སྐྱེ་བའི་དབང་དུས་བྱས་ནས་མི་སོགས་དབང་པོ་དྲུག་བཞག འཁོར་བར་གསར་དུ་སྐྱེ་བའི་དབང་དུ་བྱས་ནས་ཕོ་དང་མོའི་དབང་པོ་གཉིས་བཞག སྐྱེས་ཟིན་གནས་པའི་དབང་དུ་བྱས་ནས་སྲོག་གི་དབང་པོ་བཞག འཁོར་བའི་འབྲས་བུ་ཚོར་བ་ལ་ཉེ་བར་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཚོར་བའི་དབང་པོ་ལྔ་བཞག་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དབང་པོ་བཅུ་བཞི་
|; |@@@ | | }}