20101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཎི་བ་དགེ་འདུན་དཀོན་མཆོག་བློ་བཟང་བསྟན་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོར་མདོ་སྨད་ཨ་རིག་ཏུ་འཁྲུངས། བདུན་པར་སྐུ་གོང་མའི་གདན་སར་མངའ་གསོལ། གུང་ཐང་འཇམ་པའི་དབྱངས་ལས་རབ་ཏུ་བྱུང་། ཉེར་གཅིག་པར་དབུས་སུ་ཕེབས། བཀྲ་ཤིས་ལྷུན་པོར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། གདུགས་རྟ་དར་དང་། ཐམ་ག་གྲུ་སྒོར་བཀའ་ཤོག་དང་བཅས་པའི་གཟེངས་བསྟོད་གནང་། སྣར་ཐང་བཀའ་འགྱུར་སོགས་ཕྱག་དཔེ་དང་། རྟེན་གསུམ་མང་པོ་གདན་དྲངས་ཏེ་གདན་སར་བྱོན། རབ་བྱུང་བཅུ་བཞི་པའི་ཆུ་རྟ་ཕྱི་ལོ་༡༨༢༢ ལོར་ལས་ལོ་གསུམ་ནང་གཟིམ་ཁང་ལེགས་པར་གྲུབ། རྔ་བ་བའི་རྡོ་བཟོས་རྡོ་གྱང་བརྩིགས། བཟོ་བཀོད་ལེགས་པའི་འདུ་ཁང་བཞེངས། བྱམས་ཁང་གི་ཁྱམས་དང་། མདའ་ཡབ་བཅས་ཞིག་གསོ་གནང་། མགོན་ཁང་དང་། རྒྱལ་ཁང་རྙིང་བ་བསྐྱོད་གསར་བཟོ་མཛད། རྗེ་གསེར་ཁང་བ་གདན་དྲངས། བཀའ་ཆོས་མང་དུ་གསན། ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར་སྐུ་གཤེགས། མ་ཎི་བའི་སྐུ་ཕྲེང་གསུམ་པ་ཡིན།

{{#arraymap:ཎི་བ་དགེ་འདུན་དཀོན་མཆོག་བློ་བཟང་བསྟན་འཛིན་

|; |@@@ | | }}