20104
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། སྲིད་གཤེན་ཐེག་པའི་ཁོངས་སུ་གཏོགས་པའི་ཚེ་སྲོག་སོགས་ལ་སྦྱར་བའི་ས་བོན་ཡི་གེ་ཞིག་ཡིན་ཞིང། སྤྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་སྲོག་གི་དབང་པོ་དང། དེ་དང་སྦྱར་ནས་ས་བོན་ཡི་གེ་རེ་ཡོད་ཀྱང་། སྐབས་འདིའི་སྲོག་གི་ཡི་གེ་ནི་མིའི་ཚེ་སྲོག་སོགས་ལ་སྦྱར་བ་ཞིག་ཡིན་སྟེ། སྲིད་གཤེན་གནས་མཆོག་ཨ་དྲུག་དགོངས་དོན་ཟབ་མོ་མན་ངག་དོན་གསལ་སྒྲོན་མེ་ལས། ཁམས་གསུམ་སེམས་ཅན་གང་ལ་ཡང་སྲོག་གི་ཡི་གེ་རེ་ཡོད་དེ་འགྲོ་བ་རིགས་དྲུག་ཏུ་བཞེད་དོ། །དེ་ལས་སྐབས་འདིར་མི་ཡི་ས་བོན་གཙོ་ཆེ་བས། ཞེས་སོ། །དེ་ལ་ནང་གསེབ་ཚེ་སྒྲུབ་དང། ལིང་ག། ཚེ་འདས་ལ་སྦྱར་ནས་མཁོ་སྟངས་གསུམ་ཙམ་འདུག་གོ ། ༡. ཚེ་སྒྲུབ་ནི། དེ་ཉིད་ལས། སྲུང་བ་ཚེ་སྒྲུུབ་སོགས་ཀྱི་སྐབས་སུ་ཎྲི་ཡིན་པས་ཀུ་ཀུ་ར་ན་ལ་བཏགས་པ་བླ་ཚེ་སྲོག་གསུམ་མཚོན་ནོ། །ཞེས་སོ། །༢. ལིང་ག་ནི། དེ་ཉིད་ལས། དགྲ་ཡི་ལིང་ག་ལ་ཎྲི་སྟེ་ཀུ་ཀུ་ནི་ཐུགས་རྗེས་འདྲེན་བྱེད། ར་དང་ཎ་དང་ར་སྟ་གསུམ་པོ་བསྒྲལ་བྱའི་བླ་ཡིད་སེམས་གསུམ་མཚོན་ནོ། །ཞེས་སོ། །དོན་ལ་( རྣྲི་ ) ཡིན་པ་སྙམ་མོ། །༣. ཚེ་འདས་ནི། དེ་ཉིད་ལས། ཀུ་ཀུ་ལྷན་ཅིག་སྐྱེས་པའི་ལྷ། ཎ་རྣམ་པར་ཤེས་པའི་ངོ་བོ། ར་སྟ་མཉམ་པོར་འོང་བའི་བདུད་དུ་མཚོན་པའོ། །ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཎྲི་
|; |@@@ | | }}