From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ད་དྲག་གི་རྗེས་སུ་ཏམ་འཇུག་པ་ཡིན།
|
| Keyword
|
True
|
ཏམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ད་དྲག་གི་རྗེས་སུ་ཏམ་འཇུག་པ་ཡིན།
|
| Keyword
|
True
|
ཏམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ད་དྲག་གི་རྗེས་སུ་ཏམ་འཇུག་པ་ཡིན།
|
| Keyword
|
True
|
ཏམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ད་དྲག་གི་རྗེས་སུ་ཏམ་འཇུག་པ་ཡིན།
|
| Keyword
|
True
|
| Example
|
གཞོན་ནུ་ཟླ་མེེད་ལས། སྲིད་པ་གཞོན་ནུ་འོང་བ་ལེགས་སོ། འཚོ་བ་བདེའམ། བསྐྱོད་པ་ཡང་ངམ། ངལ་ཞིང་དུབ་པར་མ་གྱུར་ཏམ། ད་ནི་བདེ་བ་ལ་རེག་པར་གྱུར་ཏོ་ཞེས་བརྗོད། ཅེས་པ་ལྟ་བུ།
|