20263
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སོ་རྩི་སྟེ། ཁྲི་ཤིང་ལ་སྐྱེས་པའི་ལོ་མ་དྲི་ཞིམ་ལ་རོ་ཁ་བ་བཟར་རུང་བ་ཞིག རྒྱ་གར་བས་འདི་ལ་པཱན་Paan ཟེར། འདི་བོད་པའི་ཞལ་ཏོག་གི་དོད་ལྟ་བུ་ཡིན། འོན་ཀྱང་སྤྱིར་བཏང་རྒྱ་གར་ཡོངས་གྲགས་ལ་པཱན་ཞེས་པ་ལོ་མ་ཙམ་ལ་མི་ཟེར་བར། ལོ་མ་དེའི་ནང་དུ་སུ་པ་རི་Supari (ཕྱི་རྒྱལ་བས་ Betel nuts ཟེར་ཞིང༌། བོད་སྐད་དུ་གོ་ཡུ་ཟེར་གྱི་ཡོད་འདུག)དང་ཙུ་ན་Choona ཞེས་པའི་བྱུག་རྫས་དཀར་པོ་ཞིག་སོགས་རྫས་མང་པོ་མཉམ་དུ་བསྲེས་ནས་ལོ་མ་དེའི་ནང་དུ་བླུགས་ཏེ་སུམ་ལྟེབ་བྱས་ནས་དབྱིབས་གྲུ་གསུམ་ཞིག་ཆགས་འོང་བ་དེའི་མིང་ཡིན། འདིས་ཟས་འཇུ་བར་བྱེད། ཁའི་དྲི་མ་སེལ་བར་བྱེད། ངལ་གསོ་བར་བྱེད། ཉོབ་བསང་ཞིང་རིག་པ་དྭངས་པར་བྱེད། སོ་མཁྲེགས་པོར་བྱེད་པ་སོགས་ཁྱད་ཆོས་དུ་མ་ཡོད་པར་བཤད། འདི་ལ་བོད་སྐད་དུ་སོ་རྩི་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་པར་སེམས། འོན་ཀྱང་འདི་རྒྱུན་དུ་ཟ་མཁན་གྱི་འབྲུག་པ་དང་རྒྱ་གར་གྲོང་གསེབ་པ་དག་གི་སོ་ནི་ཐམས་ཅད་རུལ་ནས་ཡོད། ཕལ་ཆེར་ཟ་ཆེས་པས་སྐྱོན་ཡིན་འདྲ། ཁུ་བ་མི་མིད་པར་ཕྱིར་འདོར་ཞིང་འདིས་ཁ་མཆུ་སོགས་དམར་པོར་བྱེད། མེ་འཁོར་དང་རླངས་འཁོར་འབབ་ཚུགས་སོགས་ཀྱི་ས་ཆ་ཁུག་ཀྱོག་ཡོད་ཚད་ལ་མཆིལ་མ་དམར་པོ་འདི་དོར་ནས་ཁོར་ཡུག་ཧ་ཅང་བཙོག་ཅིང་མི་གཙང་བར་བྱེད། འདི་བཟོས་ན་བཟི་བེར་ཙམ་བྱེད། གྲྭ་པ་རྒན་པ་འགའ་ཞིག་གིས་འདི་སྔོན་མ་མི་ཤ་ཟ་མཁན་ཚོར་མི་ཤ་བཟའ་མི་དགོས་པར་དེའི་དོད་དུ་བཟོས་པ་ཞིག་རེད་ཅེས་བཤད་སྲོལ་ཡང་ཡོད། དེ་ལ་འགྲེལ་བཤད་འདི་ལྟར། དཔེར་ན་ལོ་མ་དེ་མིའི་པགས་པ་དང༌། ནང་དུ་བླུག་རྒྱུའི་སུ་པ་རི་ཞེས་པ་དེ་རུས་ཞིབ་ཀྱི་ཚབ་དང༌། ཁ་དོག་དམར་པོ་དེ་ཁྲག་གི་དོད་རེད་ཅེས་བཤད་སྲོལ་འདྲ་ཆགས་ཤིག་འདུག་ཀྱང་རྒྱ་གར་བའི་བཤད་རྒྱུན་ལ་ནི་དེ་འདྲ་མི་འདུག 2.ཏམ་བུ་ལའི་ལོ་མས་བཟོས་པའི་བཏུང་བ་ཁ་དོག་དམར་པོ་སྐྱུར་སེང་ངེ་བ་ཞིག་གི་མིང༌། དེ་ཡང་ལོ་མ་དེ་ལ་འགྲོན་བུ་བསྲེགས་པའི་ཐལ་པ་བཏབ། དེ་ཆང་ཕབ་འདེབས་པའི་དོད་པོ་ཡིན་པར་འདུག བར་དུ་དྲི་བཟང་བཏབ་ནས་ཞག་གཉིས་གོས་ཀྱིས་མནན་པ་ལངས་པ་དེ་ལ་པཱན་ཟེར། དེ་ལ་ཆོས་སྐད་དུ་ཏམ་བུ་ལ། རྒྱ་གར་སྐད་དུ་གོ་ལ། བོད་སྐད་དུ་སོ་རྩི་ཟེར། འབྲུག་པ་རྣམས་ཀྱིས་སྡོང་མ་ཟེར། 3.ཏམ་བུ་ལའི་ལོ་མས་པའི་བཏུང་བ་བླུགས་པའི་གཏོར་མ་ལ་ཏམ་བུ་ལ་ཞེས་བོད་པས་མིང་བཏགས་པའམ། ཡང་ན་པཱན་གྱི་ལོ་མ་དེ་རྒྱ་གར་བས་སྦྱིན་སྲེག་ཏུ་འབུལ་ཞེས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། ལོ་མ་དེའི་དོད་པོ་ཡིན་པ་འདྲ། |
Foreign | རྒྱ་གར། |
{{#arraymap:ཏམ་བུ་ལ་
|; |@@@ | | }}