20309
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དྲུག་པའི་ས་ཡོས་ཕྱི་ལོ་ ༡༣༣༩ ལོར་ས་སྐྱར་ཡབ་བདག་ཆེན་ནམ་མཁའ་ལེགས་པ་དང་། ཡུམ་དགེ་འདུན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཁུ་བོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་། བླ་མ་མཉམ་མེད་ཆེན་པོ་གཉིས་ལས་རབ་ཏུ་བྱུང་། མཁན་ཆེན་དེ་གཉིས་དང་། ཞང་དབང་ཕྱུག་རྒྱལ་མཚན་བསྟེན། རྒྱུད་སྡེ་བཞིའི་དབང་ཆེན་ཕལ་ཆེར་ཞུས། སློབ་དཔོན་མགོན་པོ་རྒྱལ་མཚན་ལས་རྩ་རྒྱུད་བརྟག་གཉིས་དང་། མཁན་ཆེན་རྟོགས་ལྡན་ལས་ཚད་མ་རྣམ་འགྲེལ་དང་། ཚད་མ་རིགས་གཏེར་བཅས་གསན། ཆུ་མིག་ཏུ་བྱོན། བརྟག་གཉིས་དང་། རྣམ་འགྲེལ། རིགས་གཏེར། ཐུབ་པ་དགོངས་གསལ་སོགས་གསུངས། གདན་སར་ཕེབས། རྒྱ་ནག་གོང་མས་ཀུན་ཏིང་གུ་ཤྲཱིའི་ཆོ་ལོ་དང་། ཤེལ་དམ་དངུལ་དམ་སོགས་ཕུལ། གཞི་ཐོག་བླ་བྲང་གི་གདན་སར་ཕེབས། རེ་གཅིག་པ་རབ་བྱུང་བདུན་པའི་ས་ཡོས་ཕྱི་ལོ་ ༡༣༩༩ ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། གཞི་ཐོག་བླ་བྲང་གི་གདན་རབས་གཉིས་པ་ཡིན། |
{{#arraymap:ཏཱ་དབོན་ཀུན་དགའ་རིན་ཆེན་
|; |@@@ | | }}