20343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏཱ་ལའི་བླ་མ་ (1)
Part of speech མིང་ཚིག
Definition ཐ་སྙད་འདི་ནི་རབ་བྱུང་བཅུ་བའི་མེ་གླང་ཕྱི་ལོ་ ༡༥༧༧ ལོར་སོག་རྒྱལ་ཇིང་གིེར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གིས་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་འདྲེན་ཞུས། ཐོག་མར་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ། བོད་སྐད་དུ་རྡོ་རྗེ་འཆང་ཞེས་པའི་དོན་ཡིན། ཏཱ་ལའི་ཞེས་པ་སོག་སྐད་ཡིན་ལ། བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན། བོད་ཀྱི་སྐད་དུ་ཆ་ཚང་བསྒྱུར་ན། ཐམས་ཅད་མཁྱེན་པ་རྒྱ་མཚོའི་བླ་མ་རྡོ་རྗེ་འཆང་ཞེས་པ་ཡིན། རྒྱལ་བ་བསོད་ནམས་རྒྱ་མཚོས་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་ལའང་ཆོས་ཀྱི་རྒྱལ་པོ་ལྷ་ཚངས་པ་ཞེས་པའི་མཚན་ཀུན་ནས་མཛེས་པ་ཞིག་གསོལ། རྒྱལ་བ་བསོད་ནམས་རྒྱ་མཚོ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་འདི་དངོས་སུ་ཐོབ་པ་ཡིན།

{{#arraymap:ཏཱ་ལའི་བླ་མ་

|; |@@@ | | }}