20374
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀྭན་ཏིང་ཏཱའི་སི་ཏུ་བཀྲ་ཤིས་དཔལ་འབྱོར་ནི། ཕྱི་ལོ་ ༡༤༩༨ ཀརྨའི་བོད་ཆོས་རྒྱལ་གྱི་གདུང་རབས་སུ་ཁམས་ཆབ་མདོར་འཁྲུངས། ཀརྨ་པ་བདུན་པ་ཆོས་གྲགས་རྒྱལ་མཚོས་སི་ཏུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་ནས་རྗེས་སུ་བཟུང་། རྒྱལ་དབང་རིམ་བྱོན་དང་རྟོགས་པ་དོན་གྱི་ཐུགས་རྒྱུད་དབྱེ་བ་མེད་པར་ཞལ་གྱིས་བཞེས། རྗེ་བདུན་པའི་ལུང་བསྟན་ལྟར་ཀུན་མཁྱེན་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ངོས་འཛིན་དང་། རྗེ་བདུན་པའི་ཞལ་ཆེམས་ལྟར་གྲུབ་ཆེན་སངས་རྒྱས་མཉན་པ་རྗེ་བརྒྱད་པའི་རིགས་བདག་ཏུ་ཕེབས་པའི་ཞབས་ཏོག་སྒྲུབ་པ་སོགས་རྗེ་གོང་མའི་བཞེད་དགོངས་གཙོས་པའི་བསྟན་འགྲོའི་མཛད་ཕྲིན་རླབས་པོ་ཆེ་མཐར་ཕྱིན་ཏེ་ཕྱི་ལོ་ ༡༥༤༡ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་གསུམ་པ་
|; |@@@ | | }}