20376
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཀུན་བཟང་ནི། ཕྱི་ལོ་ ༡༨༥༤ རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལོར་བྱང་གནམ་མཚོ་རུ་འཁྲུངས། ཀརྨ་པ་ཐེག་མཆོག་རྡོ་རྗེས་ངོས་འཛིན་མཛད། ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་བསྟེན་ནས་གཞུང་ལུགས་མན་ངག་དང་བཅས་པར་གསན་སྦྱོང་མཛད། སྐུ་གཞོན་ནུའི་དུས་ནས་རྫུ་འཕྲུལ་དང་མངོན་ཤེས་རང་བྱུང་དུ་མངའ་ཞིང་། གྲུབ་པ་ཆེན་པོའི་བརྟུལ་ཞུགས་འཆང་བའི་ཚུལ་འཛིན་པས་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་རྟགས་སྲ་མཁྲེགས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འདམ་བུའི་ཚལ་དུ་གླང་པོའི་རྗེས་བཞིན་བཞག་པ་སོགས་གྲུབ་རྟགས་ཐོགས་མེད་དུ་སྟོན་པའི་ལོ་རྒྱུས་ངོ་མཚར་ཅན་མང་། དཔལ་སྤུངས་ཀྱི་ཚོགས་སྒོ་སྔར་ཡོད་དང་གསར་སྤྲོས་ཀྱི་རིམ་པ་བཅའ་ཁྲིམས་སྒྲིག་ལམ་ཡར་འཕེལ་ཚགས་ཚུད་ཁོར་མོ་ཡུག་ཏུ་དཔེ་ཟླ་དང་བྲལ་བར་མཛད། གཞན་བོད་ཁམས་ཀྱི་དགོན་ལག་མཐའ་དག་ལུགས་གཉིས་ཀྱི་སྒོ་ནས་གཟིགས་རྟོགས་དང་ཉམས་གསོའི་ཐེབས་རྩ་སྦྱིན་སྒོ་སོགས་བསྟན་པ་ཉམས་མེད་ཡར་དར་ཡོང་བའི་ཐུགས་ཁུར་ཟབ་པ་ཁོ་ན་ལ་རྩེ་གཅིག་རྒྱུན་བརྩོན་གནང་། ལྗགས་གླིང་རྫོང་སར་མ་ཞེས་སྔོན་མེད་གསར་རྩོམ་མཛད་དེ་སྐབས་དེ་དང་ཕྱིས་སུ་ཀར་རྙིང་ཀུན་དང༌། སེ་འབྲས་དགའ་གསུམ། ས་སྐྱ་གོང་མན་དགོན་ཁག་ཀུན་ལ་ལུགས་སྲོལ་ཁྱབ་བརྡལ་ཆེ་ཐང་དུ་གྱུར་སྐད་འདུག་པ་དགོངས་གཞི་དགོས་པ་ཁྱད་པར་ཅན་འཕགས་པའི་སྤྱོད་ཡུལ་གྱི་གནས་སུ་སེམས། དཔལ་སྤུངས་གདན་སའི་ཆོས་སྡེ་ཆེན་པོ་བཅོ་བརྒྱད་ཅེས་པ་ཕལ་ཆེར་བ་རྗེ་འདི་ཉིད་ཀྱི་མཛད་རྗེས་ཡིན། མཐར་ཕྱི་ལོ་ ༡༨༨༥ རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ལོར་ཞི་བར་གཤེགས་སོ། ། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་བཅུ་པ་
|; |@@@ | | }}