20377

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏཱའི་སི་ཏུ་སྐུ་ཕྲེང་བདུན་པ་ (1)
Part of speech མིང་ཚིག
Definition ཀྭན་ཏིང་ཏཱའི་སི་ཏུ་ལེགས་བཤད་སྨྲ་བའི་ཉི་མ་ནི། ཕྱི་ལོ་ ༡༦༨༤ ལོར་གླིང་བར་ཚང་གི་དཔོན་མགོན་པོ་ལྷུན་གྲུབ་ཀྱིས་སྲས་སུ་འཁྲུངས། རྒྱལ་དབང་ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེས་ངོས་འཛིན་དང་ལེགས་བཤད་སྨྲ་བའི་ཉི་མ་ཞེས་པའི་མཚན་གསོལ་མཛད། གྲོལ་བ་བཞི་ལྡན་གྱི་བདག་ཉིད་ཅན་བཞུགས་ཀྱང༌། གླིང་རྒྱལ་མགོན་པོ་ལྷུན་གྲུབ་ནས་རང་གི་འདོད་ཕྱོགས་ཀྱིས་ས་སྐྱའི་ཆོས་སྒོར་བཅུག་ཙམ་ལས་ཏཱའི་སི་ཏུའི་གདན་ས་སྐྱོང་མ་བཅུག་པར་བརྟེན་སྐུ་ཚེ་ཡུན་རིང་མ་བཞུགས་པའི་ཚུལ་བསྟན་ཏེ་དགུང་གྲངས་བཅོ་ལྔའི་སྟེང་ཕྱི་ལོ་ ༡༦༩༨ ལོར་ཞི་བར་གཤེགས་སོ། །

{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་བདུན་པ་

|; |@@@ | | }}