20378
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀྭན་ཏིང་ཏཱའི་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་ནི། རབ་བྱུང་དགུ་པའི་ཆུ་ཕོ་སྟག་ཕྱི་ལོ་ ༡༥༤༢ ལོར་ཁམས་ནང་ཆེན་ཟུར་མང་རྩི་བརྒྱུད་དུ་འཁྲུངས། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་སི་ཏུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་རྗེ་བརྒྱད་པ་ཉིད་དང་དཔལ་ཁང་ལོ་ཙཱ་བའམ་ཀརྨ་ཕྲིན་ལས་པ་རྣམ་གཉིས་གཙོས་མཁས་གྲུབ་བླ་མ་བདུན་སོགས་བསྟེན་ནས་མདོ་རྒྱུད་མན་ངག་གི་བདག་པོར་གྱུར། ཀརྨ་པ་མི་བསྐྱོད་རྡོ་རྗེས་སྟོན་འཁོར་ཐ་མི་དད་པར་ཞལ་གྱིས་བཞེས་ཤིང་མཁས་གྲུབ་ཆེན་པོ་སི་ཏུ་མི་འཁྲུགས་ཆོས་ཀྱི་འོད་ཟེར་རམ་ཆོས་ཀྱི་གོ་ཆ་མི་འཁྲུགས་དཔལ་བཟང་པོ་ཞེས་པའི་མཚན་དང་རྡོ་རྗེ་འཛིན་པ་ཆེན་པོར་མངའ་གསོལ། ཡང་སྒོས་གདན་ས་ཆེན་པོ་ཀརྨ་དེ་ཉིད་ཉམས་པ་གསོས། ཕྱི་རྒྱ་རླབས་ཀྱིས་བཅད། ནང་རྒྱ་ཚགས་སུ་ཚུད། གཡེར་མོ་ཆེའི་ཀ་བ་ཡོ་བ་ཐམས་ཅད་བསྲངས། གས་པ་ཐབས་ཅད་བསུབས། རྗེ་དགུ་པ་དབང་ཕྱུག་རྡོ་རྗེ་དང་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་བཅས་ངོས་འཛིན་དང་གདན་ས་ཀརྨའི་ཁྲི་ལ་མངའ་གསོལ་ཞིང་ཆོས་བརྒྱུད་མན་ངག་ཡོངས་རྫོགས་ཕུལ་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་མཛད། བར་ལམ་སྟོད་སྨད་ཀུན་ཏུ་ས་དགེ་བཀའ་རྙིང་གི་བླ་མ་སློབ་དཔོན་ཀུན་གྱིས་བཤེས་གཉེན་མཆོག་ཏུ་བཀུར། ས་དགེ་དང་སྟག་དགེའི་བར་མཛད་དེ་ཁ་མཆུ་ཐམས་ཅད་གཞི་མེད་ལྷིང་འཇགས་སུ་མཛད། དཔལ་ལྡན་ཆབ་མདོ་བས་སྤྱན་དྲངས་ཏེ་ཞབས་བརྟན་ཕུལ་ཞིང་ཞབས་སྤྱི་བོར་བླངས། དེའི་དུས་ཀྱི་རིས་མེད་པའི་བླ་མ་དགེ་བཤེས་དགེ་སློང་རྣམས་རྗེ་འདིའི་སློབ་མར་མ་གྱུར་པ་མེད་པ་ལྟ་བུར་གྱུར། དབང་ལུང་ཟབ་ཁྲིད་ཐམས་ཅད་ཀྱང་རྗེ་འདིའི་བཀའ་དྲིན་ལས་ཐོབ་པ་ཤ་སྟག་གོ །སྐུ་ཚེའི་སྨད་དུ་སྤུངས་རི་ནང་སོ་གདན་སར་བསྐོས་ནས་རྗེ་ཉིད་བྱ་བྲལ་རི་ཁྲོད་པའི་རྣམ་ཐར་བསྐྱངས། མཐར་ཕྱི་ལོ་ ༡༥༨༥ རབ་བྱུང་བཅུ་པའི་ལྕགས་མོ་བྱ་ཧོར་ཟླ་ ༨ཁྲུམས་སྟོད་ཟླ་བའི་ཚེས་ ༡༣ ཉིན་ཀརྨའི་གདན་སར་སྐུ་གཤེགས་སོ། ། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་བཞི་པ་
|; |@@@ | | }}