20380
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཅིག་མེ་ཁྱི་ཕྱི་ལོ་ ༡༥༨༦ ལོ་སྡེ་དགེ་རྩི་རོང་དུ་འཁྲུངས། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་སི་ཏུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་མངའ་གསོལ་མཛད། དེ་ཡང་སྤུང་རི་ནང་སའི་སྲས་བུ་བླ་མའི་དུས་སུ་ཀརྨའི་གདན་ས་སྐྱ་རེངས་དང་འགྲོགས་པའི་རྒྱུ་སྐར་བཞིན་དུ་གྱུར་པའི་ཚེ་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་ཞལ་སྔ་ནས་ད་ནི་བདག་གི་ཡུན་ལ་གདན་ས་ཆེན་པོ་ཀརྨ་ནི་མིང་ཙམ་དུ་བྱེད་ཀྱི་འགྲོ་མགོན་རས་པ་ཁྱོད་ཀྱི་སྙིང་སྟོབས་འགྲན་ཟླ་མ་མཆིས་པའི་དུས་ནི་འདིའོ། །སྨོན་ལམ་མཐུ་ཅན་ཁྱོད་ཀྱིས་དགོངས་ཤིག་ཅེས་ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་བཏབས། །དགུང་ལོ་བཅོ་ལྔ་པར་ས་ཕོ་བྱི་བའི་ལོ་ཧོར་ཟླ་བརྒྱད་པའི་ཡར་ངོ་ལ་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་སྤྱན་སྔར་དགེ་ཚུལ་གྱི་བསླབ་པ་བཞེས་ཤིང་རབ་ཏུ་བྱུང། མཚན་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་གསོལ། །རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་ཀྭན་ཏིང་གུ་ཤྲིའི་ལས་ཀ་དང་ཤེལ་ཐམ་གནང། ཡབ་སྲས་དགོངས་པ་དང་ཡོན་ཏན་མཉམ་པའི་བརྡ་མཚོན་དུ་དབྱིབས་མཚུངས་པ་ལ་ཐབས་མཁས་ཀྱི་ཕྲིན་ལས་སོ་སོར་སྐྱོང་བའི་བརྡ་རྟགས་སུ་ཁ་དོག་དང་བཀོད་པ་ཅུང་མི་འདྲ་བའི་མཐོང་གྲོལ་དབང་མདོག་གསེར་གྱི་མདོག་ཅན་ཞིག་རྒྱལ་མཆོག་ཀརྨ་པ་དབང་ཕྱུག་རྡོ་རྗེས་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་གི་དབུར་བཅིངས་ནས་རྒྱལ་བ་ཉིད་ཀྱི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོར་མངའ་གསོལ་ཞིང་སྟོན་འཁོར་ཐ་མི་དད་པར་ཞལ་གྱིས་བཞེས་པ་དང་། དེ་ནས་བཟུང་སྟེ་ཏཱའི་སི་ཏུ་སྐུ་ཕྲེང་ན་རིམ་གྱིས་དབུར་མཐོང་གྲོལ་མཛད་པའི་ཆ་ཤས་ཤིག་ཏུ་གྱུར། ས་མོ་གླང་གི་ལོ་སར་ཐོག་ཏུ་གདན་ས་ཀརྨའི་ཁྲིར་ཀྭན་ཏིང་གུ་ཤྲིའི་ལས་ཀ་དང་བཅས་པས་གདན་ས་ཀརྨ་དགོན་དང་དགོན་མ་ལག་དང་བཅས་པའི་བསྟན་པའི་བདག་པོར་མངའ་གསོལ་མཛད། རིམ་བཞིན་གདན་སར་ལུགས་གཉིས་ཀྱི་སྒོ་ནས་ཀརྨ་པ་དགུ་པའི་དགོངས་པ་ཡོངས་སུ་རྫོགས་པར་མཛད། རྒྱལ་བའི་བཀའ་ལྟར་མདོ་སྨད་དུ་ཕེབས་ནས་ཀཾ་པོ་གངས་རར་ཞིག་གསོས་སོགས་ཞབས་ཏོག་དང་བཀའ་བསྟན་འཕེལ་རྒྱས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་ཅིང་། ལྷག་པར་འཇང་ས་ཐམ་གོང་མས་གདན་ཞུས་ལྟར་ཕེབས་ཏེ་རྗེ་འབངས་ཀུན་གྱིས་བསྙེན་བཀུར་བ་དང་། གང་འདོད་ཆོས་དང་ཐབས་མཁས་ཀྱི་མཛད་པས་ས་ཐམ་གོང་མའི་རེ་འདོད་བཀང་ཞིང་སྨིན་པར་མཛད་ཅིང་འདོད་དགུ་དཔལ་གྱི་འབྱོར་བ་དང་བཅས་གདན་སར་ཕྱགས་ཕེབས་པ་སོགས་ཕྱག་རྗེས་ཆེ་བའོ། །དགུང་ལོ་ཉེར་ལྔའི་སྟེང་རབ་བྱུང་བཅུ་གཅིག་མེ་བྱ་ཕྱི་ལོ་ ༡༦༣༢ ལོར་ལྷོ་བྲག་གུར་ཁྱིམ་དུ་སྐུ་གཤེགས་སོ། ། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་ལྔ་པ་
|; |@@@ | | }}