20391
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་ཡུལ་ཤ་ལ་ཟུག་ཏུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་ཀུན་དགའ་ནམ་མཁའི་རྒྱལ་མཚན་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་ཕུལ་བྱུང་མཛད། སྟག་ཐོག་པ་ཚུལ་ཁྲིམས་དཔལ་བ་སོགས་བཤེས་གཉེན་མང་པ་བསྟེན། གཞུང་ཆེན་ཁག་ལ་སྦྱངས། མཁས་ཤིང་སྨྲ་བའི་མཆོག་ཏུ་གྱུར། གདན་ས་ཆེན་པོར་དབྱར་ཆོས་དང་དགུ་ཆོས་མ་ཆག་པར་མཛད། སྙན་གྲགས་ཆེས་ཆེར་རྒྱས། གོང་མ་ཆེན་པོས་ཆང་གུའི་གུང་གུ་ཤྲཱིའི་ཆོ་ལོ་དང་། གསེར་གྱི་ཐམ་ཁ་བཅས་ཕུལ། གདུང་རྒྱུད་ཀྱི་སྤེལ་ཕྱིར་བཙུན་མོ་མ་གཅིག་དཔལ་ལྡན་བཟང་མོ་ཁབ་ཏུ་བཞེས། སྲས་གཉིས་འཁྲུངས། རབ་བྱུང་བསྙེན་རྫོགས་བསྒྲུབས། ཉེར་གཉིས་པ་རབ་བྱུང་དྲུག་པའི་ལྕགས་རྟ་ཕྱི་ལོ་ ༡༣༣༠ ལོར་ཡོན་གྱི་གོང་མས་ཞུས་པ་ལྟར་ཕོ་བྲང་ཆེན་པོ་ཏཱ་ཏོའུར་བྱོན། གོང་མ་ཆེན་པོ་དང་མཇལ་འཕྲད་མཛད། རྒྱལ་བློན་འཁོར་དང་བཅས་པར་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར། ལོ་རྩ་བདུན་བར་གོང་མའི་ཏཱི་ཤྲཱི་མཛད། གོང་མས་ཀྱང་ཏཱི་ཤྲཱི་ལ་སོགས་པའི་མཚན་སྙན་ཕུལ། ཐུབ་པའི་རྒྱལ་ཚབ་ཆེན་པོར་མངའ་གསོལ། རྒྱལ་ཁམས་ལ་གནོད་པའི་ཆུ་ལོག་དང་། ཐན་པ། དུས་ཟིང་མ་ལུས་རྫུ་འཕྲུལ་གྱིས་བཟློགས་པར་མཛད། རྒྱལ་བློན་ཐམས་ཅད་ཧ་ལས། མཐུ་སྟོབས་དབང་ཕྱུག་གི་མངའ་བདག་ཅེས་མགྲིན་གཅིག་ཏུ་བསྟོད། ཞེ་དགུ་པ་རབ་བྱུང་དྲུག་པའི་ས་ཁྱི་ཕྱི་ལོ་ ༡༣༥༨ ལོར་རྒྱ་ནག་མེ་ཏོག་རྭ་བར་སྐུ་གཤེགས། ས་སྐྱའི་ལྷ་ཁང་བླ་བྲང་གི་གདུང་རབས་དང་པོ་དང་། ཡོན་རྒྱལ་རབས་ཀྱི་གོང་མའི་དབུ་བླ། ཏཱི་ཤྲཱིའི་གདན་རབས་བཅུ་གཉིས་པ་ཡིན། |
{{#arraymap:ཏཱི་ཤྲཱི་ཀུན་དགའ་རྒྱལ་མཚན་
|; |@@@ | | }}