20392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏཱི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་སྤྲེལ་ཕྱི་ལོ་ ༡༣༠༨ ལོར་ས་སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་ཀུན་དགའ་ནམ་མཁའི་རྒྱལ་མཚན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་ལེགས་པར་སྦྱངས། རབ་ཏུ་བྱུང། ཡབ་མེས་ཀྱི་ཆོས་ལ་སྦྱངས། མདོ་རྒྱུད་བསྟན་བཅོས་རྣམས་ལའང་གཟིགས་ཞིབ་གནང་། ཉེར་གཅིག་པ་རབ་བྱུང་དྲུག་པའི་ས་འབྲུག་ཕྱི་ལོ་ ༡༣༢༨ ལོར་རྒྱུ་ནག་ཏུ་ཕེབས། ཡོན་རྒྱལ་གོང་མ་དང་མཇལ་འཕྲད་མཛད། རྒྱལ་བློན་འཁོར་བཅས་ལ་ཆོས་འཁོར་རྒྱ་ཆེན་བསྐོར། གོང་མས་ཀྱང་ཏཱི་ཤྲཱིའི་གོ་ས་དང་བཀའ་ཤོག་ཐམ་ཁ་ཕུལ། སོ་བཞི་བ་རབ་བྱུང་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༣༤༡ ལོར་རྒྱ་ནག་མེ་ཏོག་ར་བར་སྐུ་གཤེགས། ཡོན་རྒྱལ་རབས་ཀྱི་དབུ་བླ་བཅུ་པ་ཡིན།

{{#arraymap:ཏཱི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་

|; |@@@ | | }}