2044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བཏུས་ལུགས་ཀྱི་མཐོང་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་བཏུས་ལུགས་ཀྱི་མཐོང་ལམ་ནི། སྡུག་བསྔལ་བདེན་པའི་གནས་ལུགས་མངོན་སུམ་དུ་མཐོང་བས་ཁམས་གོང་འོག་གི་སྡུག་བསྔལ་མཐོང་སྤང་ཐམས་ཅད་ཅིག་ཆར་དུ་སྤོང་བའི་བར་ཆད་མེད་ལམ་ནི་སྡུག་བསྔལ་ཆོས་བཟོད། དེའི་རྗེས་སུ་དེ་སྤངས་པའི་རྣམ་གྲོལ་ལམ་སྐྱེས་པ་ནི་སྡུག་བསྔལ་ཆོས་ཤེས། དེའི་འོག་ཏུ་ཡེ་ཤེས་དེ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་ངེས་པ་འདྲེན་པའི་ཡེ་ཤེས་ནི་སྡུག་བསྔལ་རྗེས་བཟོད། དེའི་འོག་ཏུ་རྗེས་བཟོད་དེ་ཉིད་ཡུལ་དུ་བྱེད་པའི་ཡེ་ཤེས་ནི་སྡུག་བསྔལ་རྗེས་ཤེས་ཏེ། བདེན་པ་གཞན་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བས་སྐད་ཅིག་མ་བཅུ་དྲུག་རྫས་ཀྱི་སྒོ་ནས་རིམ་པ་བཞིན་དུ་འབྱུང་སྟེ། རྒྱལ་པོའི་སྲས་ལས་སྐད་ཅིག་མ་བཅུ་དྲུག་བར་མ་ཆད་དུ་འབྱུང་བས་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་བཟོད་བཞི་ནི་བར་ཆད་མེད་ལམ་དང། ཆོས་ཤེས་བཞི་ནི་རྣམ་གྲོལ་ལམ་དང། རྗེས་བཟོད་དང། རྗེས་ཤེས་བརྒྱད་ནི་ཁྱད་པར་གྱི་ལམ་ཡིན་པས་འདིར་བར་ཆད་མེད་ལམ་བཞིར་ངེས་པ་ནི་སྔ་མ་ལས་གྲུབ་མཐའ་ཅུང་ཟད་ཁྱད་པར་འཕགས་པ་སྟེ། བདེན་པ་གཅིག་ལ་ཁམས་གོང་འོག་གིས་བསྡུས་པའི་གནས་ལུགས་ཐམས་ཅད་བློ་གཅིག་གིས་ཅིག་ཆར་དུ་མཐོང་བར་འདོད་པའི་ཕྱིར་རོ། །འདི་ཡང་གྲུབ་མཐའ་འདིའི་ལུགས་ཀྱི་ཐེག་པ་སུམ་ཆར་གྱི་མཐོང་ལམ་སྐྱེ་ཚུལ་ལ་སྦྱར་བར་བྱ་བ་ཡིན་ནོ། །བོད་སྔ་རབས་པ་དག་མངོན་རྟོགས་རྒྱན་ནས་གསུངས་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་རྣམ་གཞག་ལ་ལུགས་འདི་སྦྱར་ཏེ། ཕར་བསྲེས་ཚུར་བསྲེས་བྱེད་པ་ནི་གང་གི་ཕྱིར་འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་ཏེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ་ཞེས་པའི་གཞུང་མ་དྲན་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས།
Domain ཆོས་ལུགས།