20440
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨན་གྱི་རྫས་སྦྱོར་ནང་དུ་འགྲོ་བའི་སྲོག་ཆགས་རིགས་ཤིག་སྟེ། གཟུགས་ཕྲ་ལ་རིང་བ་དང༌། མགོ་བོ་ཆུང་ཞིང་སྐེ་རིང་ལ་རྐང་ལག་ཐུང་ཞིང་མཇུག་མ་ཅུང་རིང་བ། རྒྱབ་གཞུང་ནས་མཇུག་མ་བར་གྱི་སྤུ་མདོག་ཁམ་སེར་ཡིན་པ། རྐེད་པ་དང་འཕོངས་ཀྱི་སྤུ་ཁམ་ནག་གམ་སེར་ནག་ཡིན་པ་དང༌། འགྲམ་པའི་གཡས་གཡོན་དང་ཐོད་པ་ཁམ་སྐྱ་ཡིན་ཞིང༌། ཨོལ་མ་དང་རྣ་བའི་རྩེ་དཀར་པོ་ཡིན་ལ་རྩིབ་ལོགས་ཀྱི་སྤུ་ས་མདོག་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་དང་རྩྭ་ཐང་གི་ས་དོང་ནང་དུ་ཡིན། ཨ་བྲ་དང་སྲེ་མོང་འཕྱི་བ་སོགས་ཡོད་སར་རྟག་ཏུ་མཐོང་རྒྱུ་ཡོད། སྲོད་དང་མཚན་མོར་རྒྱུ་བ་ཡིན་ནའང་རེ་འགའ་ཉིན་མོ་ཡང་མཐོང་ཐུབ། བང་རྩལ་མགྱོགས་ཤིང་གྱང་གད་པའི་ལོགས་ལ་ཡང་འཛེག་ཐུབ་ཅིང་གཞང་ནས་དྲི་ངན་བཏང་སྟེ་རང་སྲུང་བྱེད། ཟས་སུ་གཙོ་བོ་ཨ་བྲའི་རིགས་དང་སྲོག་ཆགས་ཆུང་ངུའི་རིགས་ཟ། ཟླ་བ་ཉིས་པ་དང་གསུམ་པར་འཁྲིག་སྦྱོར་བྱེད་ལ། མངལ་སྦྲུམ་གྱི་ཡུན་ཚད་ཉིན་སུམ་ཅུ་སོ་ལྔ་ནས་ལྔ་བཅུ་ང་དྲུག་བར་ཡིན་ཞིང༌། བཙའ་ཐེངས་རེ་ལ་ཕྲུ་གུ་བདུན་བརྒྱད་ཙམ་རེ་བཙའ་བ་ཡིན། |