20513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏི་སངས་རང་ཞི་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འདུལ་བ་གཤེན་དྲུག་གི་ཁོངས་སུ་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་ལྷོ་ནུབ་རིན་ཆེན་འཁྱིལ་བའི་གསས་མཁར་གྱི་བྱང་ཕྱོགས་སོ། །ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་ལ། སྐུའི་ཆ་བྱད་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་མེ་ཤེལ་ཐོད་ལྡིང་ཅན། སྐུ་ལ་མེ་འོད་རལ་ག་ལ་མེ་དར་དམར་པོའི་ཤམ་ཐབས་གསོལ་ཞིང་གཡས་པས་ཐུགས་རྗེའི་ལྕགས་ཀྱུ་འཛིན་ལ་གཡོན་པས་བདུད་རྩིའི་བུམ་པ་བསྣམས་སོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་བྱོལ་སོང་རྣམས་གླེན་ལྐུགས་རྨོངས་འཐིབས་ཀྱི་གནས་ནས་འདྲེན་པར་མཛད་དོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་མ་ལེ་འདུ་འདུ་ཧ། ཞེས་པའམ་ཧ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། མ་ལེ་ནི་ཀློང་དུ་མཚོན། ཧ་ནི་ལྷ་འདི་ཉིད་མཚོན་པའོ། །ཡིག་འབྲུ་ལྷ་སྐུའི་གནས་ཡུལ་ནི། ལུས་ཀྱི་ལྟེ་བ་ལའོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེ་དག་གི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཐམས་ཅད་སྟོང་པའི་ངང་དུ་གྲོལ་ཏེ་ཤེས་རབ་བླ་མེད་ཀྱི་ས་དང་འདུལ་གཤེན་ཏི་སངས་རང་ཞིའི་སྐུ་རུ་འཐོབ་ལ། མ་རྟོགས་ན་རྒྱུ་དྲུག་བར་དོར་འཁྲུལ་ལ་ཞིང་དུ་སྒྱུ་མའི་དངོས་སྣང་ཀུན་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །
Domain ཆོས་ལུགས།

{{#arraymap:ཏི་སངས་རང་ཞི་

|; |@@@ | | }}