2054

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བཟང་པདྨ་འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་དགེ་རྩེ་བཀྲ་ལེགས་དགོན་དང་ཉེ་བར་འཁྲུངས། སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ཀཿཐོག་ཏུ་གདན་དྲངས་ནས་ཁྲི་འབུལ་མཚན་གསོལ་ཞིབ་རྒྱས་གནང་སྟེ་སླར་བཀྲ་ལེགས་སུ་བྱོན། སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང༌། མཁན་ཆེན་ངག་གི་དབང་པོ། རྗེ་དབོན་པདྨ་རྒྱལ་མཚན། འདས་ཤུལ་བླ་མ་སོགས་མཁས་གྲུབ་ཆེན་པོ་དུ་མ་ལས་སྔ་འགྱུར་བཀའ་གཏེར་སྤྱི་དང་ཁྱད་པར་ཀཿཐོག་པའི་བརྒྱུད་སྲོལ་གདམས་པའི་མན་ངག་ཡོངས་རྫོགས་ལ་གསན་བསམ་མཐར་ཕྱིན། མཁས་བཙུན་བཟང་པོའི་རྣམ་ཐར་དང་མཁྱེན་བརྩེ་ནུས་པའི་མཛད་ཕྲིན་རླབས་ཆེན་པོས་གདུལ་བྱ་སྐྱོང༌། བཀྲ་ལེགས་བཤད་གྲྭ་དང་སྒྲུབ་སྡེ་གསར་འཛུགས། དགོན་པའི་སྒྲིག་སྲོལ་ཉམས་གསོ་སོགས་ཀྱི་སྒོ་ནས་འཁོར་ལོ་གསུམ་གྱི་བྱ་བ་ལེགས་པར་སྒྲུབ། སང་ཕྱིར་ཀཿཐོག་ཏུ་ལན་མང་དུ་བྱོན་ནས་དགེ་རྩེ་བསྟན་པ་རྣམ་རྒྱལ་དང་མཁན་ཆེན་ལེགས་བཤད་འབྱོར་ལྡན་སོགས་ལ་ཕན་ཚུན་སྨིན་གྲོལ་གསན་རེས་དང་ལུང་རྒྱུན་དཀོན་པའི་ཕྱོགས་རྣམས་དར་སྤེལ་མཛད། མདོ་སྔགས་སྤྱི་དང་སྔ་འགྱུར་བཀའ་གཏེར་རྣམས་ཀྱི་དབང་ཁྲིད་ལུང་བཅས་འཆད་སྤེལ་རྒྱ་ཆེན་པོས་ཕྱིས་དུས་འདིར་ཀཿབསྟན་བྱང་ནས་བྱང་དུ་སྤེལ་བའི་རྟེན་འབྲེལ་གྱི་སྒོ་འཔར་འབྱེད་པའི་ཉིན་བྱེད་ལྟ་བུ་དམ་པ་འདི་ཉིད་དོ། །

{{#arraymap:ཀུན་བཟང་པདྨ་འཕྲིན་ལས་རྒྱ་མཚོ་

|; |@@@ | | }}