20546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གསུམ་གྱི་ཆིངས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད་ནས་མཆོད་པའི་དེ་ཉིད་ཀྱི་བར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང་། ཡུམ་གྱི་པདྨར་རྟེན་གཞལ་ཡས་ཁས་བསྐྱེད་པ་ནས་སྔར་གྱི་གཞལ་ཡས་ཁང་ལ་ཐིམ་པར་གྱུར་ཞེས་པའི་བར་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་། སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པ་ནས་ལུས་རྟས་པར་བྱེད་པའི་རྣལ་འབྱོར་གྱི་བར་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་། དེའི་སྟེང་དུ་དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད་དང་འབྲིང་བསྒྲུབ་པའི་དེ་ཉིད་གཉིས་བསྣན་པས་སྒྲུབ་དུས་ཀྱི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །
Domain ཆོས་ལུགས།