20547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་གསུམ་མམ་རྣལ་འབྱོར་བཞི་ (1)
Part of speech མིང་ཚིག
Definition སྔགས། ཇོ་ནང་། བསྙེན་པ་དང༌། སྒྲུབ་པ་གཉིས་ལས་བསྙེན་པ་སྟེ། རྗེ་ཏཱ་ར་ནཱ་ཐའི་རྒྱུད་སྡེ་སྤྱི་རྣམ་ལས། དེ་ཡང་སྔོན་བྱུང་དང་མཐུན་པར་དང་པོར་འོག་མིན་དུ་འཚང་རྒྱ་ཚུལ་དང་མཐུན་པར་དང་པོར་སྦྱོར་བ། བར་དུ་རི་རབ་ཀྱི་རྩེར་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་དང་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག མཐར་རིགས་སོ་སོའི་འཁོར་ལོ་བསྒྱུར་བར་བྱས་སྟེ་འཕྲིན་ལས་མངོན་པར་འདུ་མཛད་པ་དང་མཐུན་པར་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་དང༌། རང་ཉིད་རིགས་ཀྱི་ལྷ་དམ་ཚིག་པར་བསྐྱེད་པ་རྣལ་འབྱོར། དེ་ལ་ཡེ་ཤེས་པ་གཞུག་པ་རྗེས་སུ་རྣལ་འབྱོར། བརྟན་གཡོ་ཐམས་ཅད་རང་རིགས་ཀྱི་ལྷའི་རྣལ་འབྱོར་དུ་བྱེད་པ་ཤིན་ཏུ་རྣལ་འབྱོར། དེ་གསུམ་སྔོན་དུ་འགྲོ་བའི་སྣང་སྟོང་ལ་རྩེ་གཅིག་པ་རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞིར་གསུངས་ཏེ། ཞེས་གསུངས།
Domain ཆོས་ལུགས།